ཞིང་བཟོ་ཏང་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། ཞིང་བཟོ་ཏང་སྐབས་བདུན་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་བཟོ་ཏང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་གི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་བྱ་བ་ཡར་ཞུ་བྱས་པ་དང་དམངས་གཙོ་དཔྱད་འཇོག་སྤེལ།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཡིན། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཆེས་གསར་པའི་དགོངས་དོན་གྱི་རྗེས་འདེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་རང་རྟོགས་སུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་ནི་དམངས་གཙོ་ཏང་ཁག་ཁོ་སོ་སོ་དང་བཅས་པའི་རྒྱལ་ཡོངས་མི་དམངས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་གི་ཏང་ཡོན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོ་ཡུན་རིང་མཉམ་གནས་དང་ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏོད། སྐྱིད་སྡུག་མཉམ་མྱོང་བྱེད་པའི་གཏམ་རྒྱུད་བཟང་བོ་བཤད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པ་བཏོད་པའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས། བློ་འདོན་ཇུས་འབུལ་དང་སྤྱི་ཚོགས་ཞབས་ཞུ་སོགས་བྱ་བ་སྣ་ཚོགས་ཁྲོད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཞིང་བཟོ་ཏང་ཡོན་གྱི་སྟོབས་ཤུགས་འདོན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།