མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོའི་ཐོག ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཀའོ་པོ་ཡིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་བཙུགས་པའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང12ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་ལས་དོན་ལས་ཁུངས92ཀྱི་ལྟ་སྐུལ་མཛུབ་སྟོན་ལས་དོན་ཁྱོན་ཡོངས་ནས་སྤེལ་ཟེར།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་ལས་རིགས་མ་ལག་གཙོ་སྐྱོང་སྡེ་ཁག་གི་ཏང་ཨུ་ཡིས་རང་ཁོངས་ས་ཁུལ་དང་སྡེ་ཁག སྡེ་ཚན་བཅས་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟནཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུའི་ཐོག་རང་རེའི་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་བྱ་བ་ཡག་པོ་སྒྲུབ་པར་བླང་བྱ་གསལ་པོ་བཏོན་ཡོད། ཏང་ཀྲུང་དབྱང་གི་ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི《བརྡ་ཐོ》དང་རང་རེའི་ཞིང་ཆེན་གྱི《ལག་བསྟར་བསམ་འཆར》གཉིས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་གྱི་བྱ་བར་བཀོད་སྒྲིག་ལེགས་པོ་བྱས་ཡོད།

ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བར་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས། ཕན་འབྲས་དངོས་ཐོབ་པར་བྱ་ཆེད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང12བཙུགས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8་དང་། ཞིང་ཆེན་ཐད་གཏོགས་ཏང་སྲིད་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས92ལ་ལྟ་སྐུལ་མཛུབ་སྟོན་གྱི་ལས་དོན་སྤེལ། བྱ་བར་སྟབས་བདེ་ཡོང་ཆེད། སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་བཙུགས་པར་བརྟེན་ནས་ཁོངས་གཏོགས་ལས་ཁུངས་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང1ནས2བར་བཙུགས་ཏེ། གྲོང་ཁྱེར་དང་ཁུལ2སམ་ཡང་ན་ལས་ཁུངས10ནས12ལ་མཛུབ་ཁྲིད་བྱས། ཏང་འཛུགས་ལས་དོན་ལ་རྒྱུས་མངའ་ཡོད་པའི་ཐིན་རིམ་པའི་ལས་བྱེད་པ་ཞིག་གིས་ཚན་ཆུང་དེའི་ཚན་གཙོའི་འགན་ཁུར་བ་དང་། ཁྲུའུ་རིམ་པའི་ལས་བྱེད་པ་ཞིག་གིས་ཚན་གཙོ་གཞོན་པའི་འགན་ཁུར་ལ། ལས་བྱེད་པ་གཅིག་གིས་འབྲེལ་གཏུག་བྱེད་མཁན་གྱི་འགན་ཁུར། ཁོངས་མི་གཞན་དག་ནི་བྱ་བའི་དགོས་མཁོར་གཞིགས་ཏེ་རང་འགུལ་ངང་མི2ནས4བར་གཏན་འཁེལ་བྱས།

སློབ་སྟོན་ཚན་ཆུང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དུས་ཐོག་ཏུ་མཛུབ་སྟོན་བྱེད་ཡུལ་གྱི་ལས་ཁུངས་ཁག་ལ་བརྒྱུད་བསྒྲགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་སྐུལ་འདེད་ཏན་ཏིག་གཏོང་བ། ཕན་འབྲས་དངོས་ཐོབ་པ་བཅས་ལ་ཁག་ཐེག་བྱས། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།