ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུ་གྲོས་ཚོགས་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུ་གྲོས་ཚོགས་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཟི་ལིང་ནས་འཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། བདེན་ཚོལ་དུས་དེབ་ཁང་གི་སྔོན་ཆད་ཀྱི་མགོ་གཙོ་ལིས་ཅེ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྙན་ཞུ་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་གྲོས་ཚོགས་ལ་ཞུགས།

སྒྲོག་འགྲེལ་སྙན་ཞུའི་ནང་། ལིས་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་རྒྱུས་ལོན་གསལ་བོ་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས། ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཞིབ་ཀློག་ནན་མོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གཙོ་གནད་ལ་རྒྱུས་ལོན་ཟབ་མོ་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་ཕྱོགས་བཞིའི་ཐད་ནས་སྒྲོག་འགྲེལ་ཆ་ཚང་དང་འགྲེལ་བཤད་ཟབ་མོ་བྱས།

ལིས་ཅེ་ཡིས་བསྟན་དོན། ཏང་གི་ལོ་བརྒྱའི་ལོ་རྒྱུས་སློབ་སྦྱོང་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཞིབ་ཀློག་ནན་མོ་བྱེད་དགོས། སློབ་སྦྱོང་དང་ངོས་འཛིན། ལག་བསྟར་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་སེམས་སུ་ཐིམ་པ་དང་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། མུ་མཐུད་དུ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་དགོས། མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་ལ་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གོ་དོན་གཙོ་བོ་དང་ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་རེ་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། མུ་མཐུད་དུ་རྒྱུས་ལོན་གསལ་བོ་བྱེད་པའི་སྟེང་ཤུགས་འདོན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་གཏན་ཚིགས་དང་ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཆབ་སྲིད་ཀྱི་ངོས་ཟིན་དང་དང་བསམ་བློའི་ངོས་ཟིན། གཞུང་ལུགས་ངོས་ཟིན། བརྩེ་སེམས་ཀྱི་ངོས་ཟིན་ཇེ་དྲག་ཏུ་བཏང་སྟེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་མ་ཆད་མཐོར་འདེགས་གཏོང་དགོས། མུ་མཐུད་དུ་ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་དགོས། ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། གཞི་རིམ་གྱི་དཀའ་ཁག་ཐག་གཅོད་པ་དང་མང་ཚོགས་ཀྱི་དཀའ་ཁག་ཐག་བཅད་དེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་སྙན་ཞུ་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ཡིན་ལ། ཏང་ཀྲུང་དབྱང་གིས་ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན། སྒྲོག་འགྲེལ་སྙན་ཞུ་ལ་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན་ལྡན་ལ། ཆོས་ཉིད་རང་བཞིན་ལ་རྒྱུས་ལོན་བྱས་པ་དང་། གསར་བརྗེ་རང་བཞིན་རྒྱུན་འཛིན་བྱས་ལ། དེ་ནི་གསོན་ཉམས་ལྡན་པའི་ཏང་གི་ལོ་རྒྱུས་ཀྱི་སློབ་ཁྲིད་ཅིག་ཡིན་པ་མ་ཟད། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཅིག་ཡིན་ལ། དེ་ལས་ཀྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་སློབ་ཁྲིད་ཅིག་ཡིན་པས། ང་ཚོས་གུང་ཁྲན་ཏང་མིའི་བརྩེ་སེམས་ཁྱེར་ནས་ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་བའི་གཞི་རྩའི་བདེན་ལུགས་ལ་བསམ་གཞིགས་ཟབ་མོ་གཏོང་བར་སྐུལ་སློང་བཏང་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན། མགོ་ཁྲིད་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཡིད་ལ་དམ་པོར་འཛིན་པ་དང་ལག་བསྟར་ནན་མོ་བྱེད་པ་དང་། རང་རྟོགས་སྒོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

སྒྲོག་འགྲེལ་སྙན་ཞུ་གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གཙོ་བོ།། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཚན་ཁག་ཁོངས་མི། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འཐུས་ཚབ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་འཐུས་ཚབ་པ། མཐོ་རིམ་སློབ་གླིང་གི་དགེ་སློབ་ཀྱི་འཐུས་ཚབ་པ། གཞུང་ལུགས་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་པ། ཟི་ལིང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་ཚབ་པ་བཅས་མི་བདུན་བརྒྱ་ལྷག་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུའུ་བཅས་སུ་ཡན་ལག་ཚོགས་ར་བཙུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།