མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པས་གྲོས་འཆམ་བྱུང་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ལས་འགན་བླང་བྱ་དོན་འཁྱོལ་བྱ་ཆེད། ཟླ3པའི་ཚེས25ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་བརྒྱད་པ་བསྡུས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལོའི་བྱ་བའི་བྱེད་ཐབས་གལ་ཆེན་དང་ཁྱད་ཆོས་མཚམས་སྦྱོར་བྱས།

ཁྱབ་སྒྲོག་ཚོགས་འདུའི་སྟེང་། གསར་འགྱུར་མགྲིན་ཚབ་པ4ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2021ལོའི་བྱ་བའི་གཙོ་གནད་དང་ཁྲིམས་འཛུག་བྱ་བའི་འཆར་གཞི། ལྟ་སྐུལ་བྱ་བའི་འཆར་གཞི་དང་འཐུས་མིའི་བྱ་བའི་འཆར་འགོད་སོགས་ཀྱི་ནང་དོན་ཐད་སྔ་གཞུག་ཏུ་གསར་འགྱུར་ཁྱབ་སྒྲོག་བྱས། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས། ལྟ་སྐུལ་གྱིི་མཁྲེགས་བཟུང་དང་ཕན་འབྲས་མཐོར་འདེགས། ཁྲིམས་ལྟར་ཐག་གཅོད་བསྐོ་འཐེན་བྱ་བ་ལེགས་པོར་སྒྲུབ་པ། འཐུས་མིའི་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར། “ལས་ཁུངས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེ་བྲག་གི་བྱེད་ཐབས་དང་བྱ་བའི་འཆར་གཞིའི་ཐད་ནས་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ཁྲིམས་འཛུགས་འཆར་གཞིའི་རྩ་བའི་གནས་ཚུལ་མཚམས་སྦྱོར་དང་། ཁྱད་ཆོས་གཙོ་བོ་དང་ཁྲིམས་འཛུགས་འཆར་གཞི་ལག་བསྟར་གྱི་བྱེད་ཐབས་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གི་འགན་ཁུར་བས2021ལོའི་ལྟ་སྐུལ་བྱ་བའི་འཆར་གཞིའི་སྤྱིའི་བསམ་གཞིགས་དང་ཁྱད་ཆོས། ལྟ་སྐུལ་བྱ་བའི་གཙོ་གནད་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་དོན་འཐུས་ཚབ་འདེམས་བསྐོའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་འཆར་གཞིའི་ཁྱད་ཆོས་གཙོ་བོ་དང་ནང་དོན། དེ་མིན་རྫོང་ཤང་གི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་ནང་དོན། “ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི”མཐོར་འདེགས་བྱ་འགུལ། “གཞུང་སྒྲུབ་ཁང་གཉིས་དང་སྟེགས་བུ་གཅིག”ཚད་ལྡན་ཅན་འཛུགས་སྐྲུན། དམངས་ཆེན་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་ནུས་དོ་དམ་སོགས་ཀྱི་གཙོ་གནད་བྱ་བ་མཚམས་སྦྱོར་བྱས།

ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པ་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།