ཐུན་མོང་མ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སློབ་ཁྲིད་ཅིག

1.jpg

3.jpg

2.jpg

བསོད་ནམ་རྟ་མགྲིན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སློབ་ཁྲིད་བྱེད་བཞིན་པའི་ཚུལ། 

4.jpg

སློབ་མ་གཉིས་ཀྱིས་ནན་ཏན་ངང་སྐྱེ་ཁམས་སྲུང་སྐྱོང་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ། 

5.jpg

འདི་ནི་སྐྱིད་དགའ་སློབ་ཆུང་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་རྟེན་གཞིའི་ཟུར་ཞིག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྐྱིད་དགའ་སློབ་ཆུང་གིས“ཁོར་ཡུག་སྲུང་སྐྱོང་མི་སྣ”རྒྱས་བཟང་བསོད་ནམ་དར་རྒྱས་ཀྱི་བུ་བསོད་ནམ་རྟ་མགྲིན་གདན་འདྲེན་ཞུས་ནས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སློབ་ཁྲིད་ཅིག་བཀོད་སྒྲིག་བྱས། 2015ལོ་ནས་བཟུང་འབྲི་སྟོད་རྫོང་གིས་རྒྱས་བཟང་བསོད་ནམ་དར་རྒྱས་ཀྱི་སྙིང་སྟོབས་དེ་གཙོ་བོར་བཟུང་ནས་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་། སྐྱེ་ཁམས་སློབ་ཁྲིད། དྲིལ་བསྒྲགས་སོགས་ཀྱི་ཐབས་སྣ་ཚོགས་སྤྱད་དེ་རྫོང་ཡོངས་ཀྱི་སློབ་རའི་ནང་དུ་སྐྱེ་ཁམས་སློབ་གསོ་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ། 2018ལོར་འབྲི་སྟོད་རྫོང་གིས་སྐྱིད་དགའ་སློབ་ཆུང་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་རྟེན་གཞི་བཙུགས་པ་བརྒྱུད། སློབ་མའི“ཁོོར་ཡུག་སྲུང་སྐྱོང་བྱེད་པ་དེ་རང་ཉིད་ནས་མགོ་རྩོམ་དགོས”ཞེས་པའི་འདུ་ཤེས་གསོ་སྐྱོང་བྱས་པ་དང་། མིག་སྔའི་བར་དུ་སྐྱེ་ཁམས་སློབ་ཁྲིད་དེ་འབྲི་སྟོད་རྫོང་གི་སློབ་གྲྭ་ཆུང་འབྲིང10ཡི་སློབ་མ5000ཙམ་ལ་ཁེབས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།