མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཁྱིམ་ཐོའི་ཐོ་འགོད་བྱེད་ཐབས་གསར་བ་འགྲེམ་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་སྲུང་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མི་གྲངས་དོ་དམ་ཡན་ལག་རུ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་སྤྱི་བདེ་ཐིང་གིས་དམངས་ལ་སྟབས་བདེ་ཞབས་ཞུ་བསྐྲུན་པའི་བྱེད་ཐབས་བཏོན་པ་དང་།  བདག་སྐྱོང་གི་ཆ་རྐྱེན་དང་མི་མཐུན་པའི་བྱིས་པ་དག་སྤྱི་སྤྱོད་ཁྱིམ་ཐོ་སྟེང་མ་གཏོགས་ཐོ་འགོད་བྱེད་མི་ཆོག་པའི་ཚོད་འཛིན་ཇེ་ཡངས་སུ་བཏང་། 

སྔར་ལས་ལྷག་པར་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོ་ཐོ་འགོད་དོ་དམ་ཕྱོགས་ཀྱི“གློད་སྡོམ་ཞབས”གསུམ་ལ་བཅོས་བསྒྱུར་བྱས་ཏེ། བདག་སྐྱོང་ཐོ་འགོད་ཆ་རྐྱེན་དང་མི་མཐུན་པའི་བྱིས་པའི་ཁྱིམ་ཐོ་འགོད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཞིང་ཆེན་སྤྱི་བདེ་ཐིང་གིས་དམངས་ལ་སྟབས་བདེ་ཞབས་ཞུ་བསྐྲུན་པའི་བྱེད་ཐབས་བཏོན་པ་དང་། བདག་སྐྱོང་གི་ཆ་རྐྱེན་དང་མི་མཐུན་པའི་བྱིས་པ་དག་སྤྱི་སྤྱོད་ཁྱིམ་ཐོ་སྟེང་མ་གཏོགས་ཐོ་འགོད་བྱེད་མི་ཆོག་པའི་ཚོད་འཛིན་ཇེ་ཡངས་སུ་བཏང་། ལོ14མ་སོན་པའི་བདག་སྐྱོང་ཆ་རྐྱེན་དང་མི་མཐུན་པ་དང་། ཁྲིམས་ལྟར་བདག་སྐྱོང་ཐོ་འགོད་བྱེད་མི་ཐུབ་པ་དང་ཡང་ན་གཞུང་དཔང་བྱས་པའི་ཁྱིམ་ཐོ་མེད་པ་བྱིས་པ་དག་བདག་སྐྱོང་བྱེད་མཁན་གྱིས་རེ་ཞུ་བྱས་པ་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཐོག བྱིས་པ་དེ་དག་གི་ཁྱིམ་ཐོ་བདག་སྐྱོང་བྱེད་མཁན་གྱི་ཁྱིམ་ཐོ་ནང་ཐོ་འགོད་བྱེད་ཆོག་པར་གཏན་འབེབས་བྱས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།