མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་དང་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས། 

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅིས་2016ལོར་བཏོན་པའི“གཟབ་ནན་བཞིའི”བླང་བྱ་གལ་ཆེན་དག་ནི། བསམ་བློའི་མཛུབ་སྟོན་སྟེང་གཅིག་མཐུན་ཡིན་ཞིང་དམིགས་འབེན་བླང་བྱའི་སྟེང་སྔར་བས་གཟབ་ནན་དང་བྱེ་བྲག་ཡིན་ལ། མཚོ་སྔོན་འཕེལ་རྒྱས་དུས་སྐབས་ཀྱི་རྩ་བའི་བརྩི་སྲུང་ཡིན། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅིའི་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་“ཀྲུང་ཧྭའི་ཆུ་མཛོད”ཀྱི་བརྟན་སྲུང་བ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་བདེ་སྐྱིད་མཐོར་འདེགས་སུ་གཏོང་བ། དེ་མིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཕུགས་འདུན་བརྟན་པོའི་བླང་བྱ་གལ་ཆེན་བཅས་ལ་གོ་བ་ཟབ་མོ་བླངས་ནས། བསམ་བློ་དང་ཆབ་སྲིད། བྱེད་སྟངས་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་དགོས། སྲིད་གྲོས་བྱ་བའི་ཁྲོད་དུས་སྐབས་གསར་བའི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས། གཙོ་གནད་དང་ཐོབ་དཀའ་བའི་གོ་སྐབས་ལ་དམིགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་དམ་དུ་འབྲེལ་བ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས། བཙོག་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་སོགས་གསར་སྐྲུན་བྱེད་པ་དང་དམ་དུ་འབྲེལ་ནས་བརྟག་བཤེར་གྲོས་མོལ་དང་འགན་ནུས་ལག་བསྟར་བྱེད་དགོས་ལ། མུ་མཐུད་དུ་སློབ་སྦྱོང་ལག་ལེན་བྱ་བ་དེ་གཏིང་ཟབ་ས་དང་དངོས་ཡོད་ལ་དོན་འཁྱོལ་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལག་བསྟར་བྱ་ཐབས》ལ་གྲོས་ཞིབ་བྱས་ཤིང་། བྱ་ཐབས་ཀྱིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བླང་བྱ་མངོན་ཡོད་པ་མ་ཟད། སྲིད་གྲོས་ཀྱི་ཁྱད་ཆོས་དང་ལྡན་པས་དངོས་གནས་བེད་སྤྱོད་བྱས་ཆོག་བསྟན་ལ། བསམ་བློའི་འདུ་ཤེས་མཐོར་འདེགས་དང་གཅིག་གྱུར་འཆར་འགོད་ཤུགས་དྲག་ཏུ་བཏང་ནས། ཏན་ཏིག་གིས་ལག་བསྟར་རྩ་འཛུགས་བྱས་ཏེ། བྱ་འགུལ་སོ་སོར་ཁྱད་ཆོས་ལྡན་པར་ཁག་ཐེག་བྱེད་པ་དང་། སྡེ་ཁག་ལས་བྱེད་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་སེམས་སྐུལ་སློང་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དགོངས་དོན་གྱི་བསམ་འཆར་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གཙོ་གནད་གྲོས་གཞི་ལ་གྲོས་ཞིབ་བྱས་པ་དང་། ཉེ་དུས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བྱས།

རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅའེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིག་ཏཱ་ཡེ་བཅས་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།