ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མང་ཚོགས་རང་བཞིན་གྱི་ཚོགས་པའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མང་ཚོགས་རང་བཞིན་གྱི་ཚོགས་པར་རྟོག་ཞིབ་བྱེད་པའི་སྐབས་ཀྱི་གཏམ་བཤད་ལ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་ཚོགས་པའི་ལས་བྱེད་པའི་ཁྲོད་གྲགས་འགུལ་ཆེན་པོ་བསླངས། རིམ་པ་སོ་སོའི་མང་ཚོགས་རང་བཞིན་གྱི་ཚོགས་པས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། མང་ཚོགས་རང་བཞིན་གྱི་ཚོགས་པའི་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས། མང་ཚོགས་རང་བཞིན་གྱི་ཚོགས་པའི་བྱ་བ་དེ་ཆབ་སྲིད་ཀྱི་གཙོ་གནད་དུ་བཟུང་ནས། མང་ཚོགས་ཀྱི་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ཁ་ལ་ཉན་པ་དང་། ཏང་ལ་དྲིན་གཟོ་བ། ཏང་གི་རྗེས་སུ་བསྙེགས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་ལ་དུས་རབས་ཀྱི་འོད་མདངས་འཚེར་དུ་འཇུག་དགོས་ཞེས་བསྟན། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་མང་ཚོགས་རང་བཞིན་གྱི་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི་ཞུགས་པའི་བརྒྱུད་སྒྲོག་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། བགྲོ་གླེང་བརྗེ་རེས་དང་སློབ་སྦྱོང་ཉམས་ལེན་བྱས་ཤིང་། བཀོད་སྒྲིག་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་རིམ་པའི་མང་ཚོགས་རང་བཞིན་གྱི་ཚོགས་པ་སོ་སོས་དུས་ཚོད་དང་པོའི་ནང་ཏང་ཙུའུ་ཚོགས་འདུ་དང་། གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ལས་བྱེད་པ་རྩ་འཛུགས་བྱས་ནས་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དོན་འཁྱོལ་བྱེད་ཐབས་གཏན་འབེབས་ལ་ཞིབ་འཇུག་བྱས། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་རང་བཞིན་གྱི་ཚོགས་པའི་བྱ་བའི་གལ་ཆེན་རང་བཞིན་གྱི་ངེས་ཤེས་མཐོར་འདེགས་སུ་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་ཚོགས་པའི་བྱ་བ་ལེགས་པོར་སྒྲུབ་པ། མང་ཚོགས་ལ་ཞབས་ཞུ་བཟང་བོ་སྒྲུབ་པ་བཅས་ཆབ་སྲིད་ཆེ་ཤོས་སུ་འཛིན་དགོས། ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་པ་དང་། མང་ཚོགས་ཀྱི་ཁོངས་གཏོགས་འདུ་ཤེས་དང་། གཟི་བརྗིད་འདུ་ཤེས། སྙན་གྲགས་འདུ་ཤེས་བཅས་ཇེ་ཆེར་གཏོང་དགོས། ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབས་ནས། མཐུན་སྒྲིལ་གྱི་སྟོབས་ཤུགས་དང་གཅིག་དྲིལ་གྱི་སྟོབས་ཤུགས་ཤུགས་དྲག་ཏུ་བཏང་ནས། རིགས་སོ་སོའི་མང་ཚོགས་རྩ་འཛུགས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འབད་བརྩོན་དམིགས་འབེན་མངོན་འགྱུར་ལ་བྱས་རྗེས་འབུལ་བར་སྐུལ་སློང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་མགོ་ཁྲིད་རྩ་འཛུགས་དང་ལས་བྱེད་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཐུན་སྒྲིལ་ཇེ་དམ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།