མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་ལ་མགོ་འཛིན་མཛད་ཅིང་། ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ས་ཞིང་བཤུག་སྤྲོད་ཡོང་འབབ་ཀྱི་བེད་སྤྱོད་ཁྱབ་ཁོངས་སྙོམས་སྒྲིག་འཐུས་ཚང་དུ་བཏང་ནས་སྔོན་ལ་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་བསྟུན་ཇུས་གཞི་བཟོ་བཅོས་སོགས་ཀྱི་དོན་དག་ཁག་ལ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་སྲང་ལམ་སྐོར་དང་པོའི་སྐོར་གྱི་གནས་ཚུལ་སྙན་ཞུར་གསན། 

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པས་སྟེགས་བུའི་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་གནད་དོན་དང་། ཐན་རྩེར་སོན་དང་ཐན་སྙོམས་སྦྱོར་གྱི་གཞི་རྩའི་རིགས་ལམ་དང་བྱེད་ཐབས་གཙོ་བོ་ལ་གཙོ་གནད་དུ་ཞིབ་འཇུག་བྱེད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་སྤེལ་ཏེ་ང་ཚོས་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། སྟེགས་བུའི་དཔལ་འབྱོར་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གོ་གནས་གལ་ཆེན་ཡོད་པ་དང་། ཐན་རྩེར་སོན་དང་ཐན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་གཙོ་གནད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་བྱས་ཏེ། བྱེད་ཐབས་ཇུས་འགོད་ལ་ཤུགས་སྣོན་པ་དང་། སྟེགས་བུ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དྭངས་གཙང་ཐན་ཉུང་བདེ་འཇགས་ཕན་མཐོའི་ནུས་ཁུངས་མ་ལག་འཛུགས་པ། གློག་ནུས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། སྦགས་ཉུང་ཐན་ཉུང་ལག་རྩལ་བེད་སྤྱོད་ཁྱབ་སྤེལ་བྱེད་པ། ལྗང་མདོག་ཐན་ཉུང་སྲིད་ཇུས་དང་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ། ཐན་ཕྱིར་གཏོང་དབང་ཆའི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ཐབས་ལམ་དངོས་བཏོན་ནས་ཐོལ་བརྒལ་ལ་འབད་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཐན་ཕྱིར་གཏོང་ལ་ཤུགས་སྣོན་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས་ཏེ། ལྗང་མདོག་ཐན་ཉུང་འཕེལ་རྒྱས་ཀྱི་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་འགན་སྦྲེལ་མཐུད་ལ་དམ་འཛིན་བྱེད་པ་དང་། 《སྲིད་གཞུང་གི་བྱ་བའི་སྙན་ཞུ》དང་ཚད་བསྡུར་བྱས་ནས་གཙོ་གནད་ལས་འགན་ལས་བགོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་ལ་ཕབ་པའི་དམིགས་ཡུལ་ལས་འགན་གཙོ་བོ་ལ་དམིགས་ནས། ལག་བསྟར་ཇུས་གཞི་བཟོ་བར་དམ་འཛིན་བྱེད་པ་དང་། བྱ་བ་ཁག་སྔོན་དུ་སྐྱོད་པ་དང་ལས་འགན་ཁག་ནུས་ལྡན་གྱིས་སྦྲེལ་མཐུད་དང་ནུས་མཐོས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བའི་འཕར་ཚད་ལེགས་པོར་འཛིན་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས། གནས་ཚུལ་གསར་པ་དང་གནད་དོན་གསར་པ་བྱུང་བར་དབྱེ་ཞིབ་ཟབ་མོ་དང་དུས་ལྟར་ཐག་གཅོད་བྱེད་དགོས། སྲིད་ཇུས་དངོས་འབེབས་ལེགས་པོར་འཛིན་པ་དང་། རྒྱབ་སྐྱོར་སྲིད་ཇུས་ཐབས་མཁས་དང་ཡོངས་སུ་རྫོགས་པར་བེད་སྤྱད་དེ། སྲིད་ཇུས་བྱེད་ཐབས་ཁག་གི་དངོས་འབེབས་ལ་ཁག་ཐེག་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་ལ་དམ་འཛིན་བྱས་ཏེ། གོ་རིམ་ཡོངས་ལ་རྗེས་དེད་དེ་གྲུབ་འབྲས་འདྲི་རྩད་བྱེད་པ་དང་མྱུར་སྒྲུབ་དངོས་འབེབས་ལ་སྐུལ་ཏེ། དམིགས་འབེན་ལས་འགན་ཁག་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྗེ་སྒྱུར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞིབ་ཚགས་ཅན་དང་དངོས་ཡོད་ཅན། བྱེ་བྲག་ཅན་དུ་བསྒྲུབས་ཏེ། སྲིད་ཇུས་དང་ལམ་ལུགས་རྐྱེན་སྲོལ་སོགས་ནུས་ལྡན་གྱིས་སྦྲེལ་མཐུད་ཡོང་བར་ཁག་ཐེག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་ལས་ནས་ཐོན་པ་དེ་སླར་ཡང་ཞིང་པའི་སྟེང་སྤྱོད་པ”ཞེས་པའི་བླང་བྱ་གལ་ཆེན་ལྟར། མ་དངུལ་གྱི་སྤྱིའི་ཕན་ནུས་མཐོར་འདེགས་པ་དང་། བཅོས་སྒྱུར་གྱི་འགྲོས་ཚད་ལུགས་མཐུན་གྱིས་ཁོང་དུ་ཆུད་པར་བྱེད་དགོས་ལ། དཔྱད་ཞིབ་ཞིབ་རྩིས་ལྟ་སྐུལ་ལ་ཤུགས་བསྣན་ནས། ས་ཞིང་བཤུག་སྤྲོད་ཡོང་འབབ་ཀྱི་བེད་སྤྱོད་ཁྱབ་ཁོངས་སྙོམས་སྒྲིག་འཐུས་ཚང་དུ་བཏང་ནས་སྔོན་ལ་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།