ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན་གྱི་དུས་ཚོད15སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གསར་འགྱུར་སྒྲོག་སྤེལ་ཚོམས་ཁང་དུ་བསྡུ་རྒྱུ་ཡིན་ལ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བཀོད་སྒྲིག་དང་འཕེལ་རིམ། སྐོར་ཞིབ་ཁྲིད་སྟོན་བྱ་བའི་བཀོད་སྒྲིག་གནས་ཚུལ་བཅས་ངོ་སྤྲོད་བྱ་རྒྱུ་རེད།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་ཚེས26ཉིན་གྱི་དུས་ཚོད15སྟེང་བསྡུ་རྒྱུ་རེད།