ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ད་ལོར་ཡུས་ཧྲུའུ་ཡིས་སྨན་བཅོས་སྤུས་ཚད་མཐོར་འདེགས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་ཡིན་པ་དང་། “དྲ་སྦྲེལ་དྲ་རྒྱ”བརྒྱུད་དེ། རིག་ནུས་རྣམ་པའི་སྨན་བཅོས་མ་ལག་འཛུགས་སྐྲུན་དང་། སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་གཏོང་བ། “བདེ་ཐང་ཡུས་ཧྲུའུ”བཟོ་སྐྲུན་ལག་བསྟར་བཅས་བྱས་ནས། མང་ཚོགས་ཀྱི་བདེ་ཐང་གི“འགོག་སྲུང་དྲ་རྒྱ”བརྟན་པོར་གཏོང་རྒྱུ་རེད།
ཡུལ་ཧྲུའུ་ཁུལ་གྱི་སྨན་བཅོས་སྤུས་ཚད་དང་། ཞབས་ཞུ་སྤུས་ཚད། སྨན་བཅོས་བདེ་འཇགས་བཅས་གཙོ་གནད་དུ་བཟུང་ཞིང་། སྨན་ཁང་ཚད་གཞི་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི“བརྒྱུད་སྤྲོད་དང་རོགས་རམ། སྐུལ་ཁྲིད”བཅས་དང་། ཁ་གཏད་རོགས་འདེགས་ཆེད་མཁས་པས་ཤུགས་ཆེན་པོས་རོགས་སྐྱོང་འོག གཞུང་བཙུགས་སྨན་ཁང་ཁག་གི་སྨན་བཅོས་ཞབས་ཞུ་ནུས་པ་མྱུར་ཏུ་ཡར་རྒྱས་སུ་བཏང་། པེ་ཅིང་གིས་ཡུས་ཧྲུའུ་ཡི་སྨན་བཅོས་འཕྲོད་བསྟེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྟེགས་བུ་བེད་སྤྱད་དེ། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་། མུ་མཐུད་དུ“དྲ་སྦྲེལ་དྲ་རྒྱ+”སྨན་བཅོས་ཞབས་ཞུ་དང་རིག་ནུས་སྨན་བཅོས་འཛུགས་སྐྲུན་བྱས་ཏེ། གོང་ཏུ་ཞིང་ཆེན་ཕྱི་ནང་གི་རིམ་པ་གསུམ་པའི་སྨན་བཅོས་སྡེ་ཁག་དང་འོག་ཏུ་གཞི་རིམ་འཕྲོད་བསྟེན་ཁང་ལ་འབྲེལ་མཐུད་བྱས་པའི“ཡུས་ཧྲུའུ་ཁུལ་བདེ་ཐང་རོགས་སྐྱོར་རིག་ནུས་རིམ་དབྱེ་ནད་བརྟག་སྨན་བཅོས་སྟེགས་བུ”འཛུགས་སྐྲུན་བྱས།
སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བའི་ཁྲོད། ཡུས་ཧྲུའུ་ཁུལ་ནས་སྣ་མང་ཅན་གྱི་རིམ་པ་མང་པོའི་བཅོས་སྒྲིག་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་བཙུགས་ཏེ། རྒྱ་ཆེ་བའི་མང་ཚོགས་ལ་དྲང་བཞག་དང་མ་ལག་རྒྱུན་མཐུད་ཀྱི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག ཁྱོན་ཡོངས་ནས་གཞུང་བཙུགས་སྨན་ཁང་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་ཤང་གྲོང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་དང་མི་དོན་གླ་ཕོགས་སོགས་བཅོས་སྒྱུར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་། བོད་ལུགས་སྨན་ཁང་གི་ཞབས་ཞུ་ནུས་པ་མཐོར་འདེགས་བྱས་ཏེ། མཐོ་སྒང་གི་དལ་བའི་རང་བཞིན་གྱི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་དང་བོད་ལུགས་སྨན་བཅོས་ནད་བརྟག་ལྟེ་གནས་སོགས་གསོ་རིག་མཐོ་ས་འཛུགས་སྐྲུན་བྱས་ཤིང་། བོད་ལུགས་སྨན་རྫས་ཚད་གཞི་ཚད་ལྡན་ཡིན་པ་སྐོར་ཞིག་བཟོས་ཏེ། བོད་སྨན་གྱི་ཁྱད་ཆོས་ལྡན་པའི་ཁམས་གསོ་མ་ལག་མྱུར་ཏུ་བཙུགས། དུས་མཚུངས་སུ། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་སྨན་བཅོས་འགན་སྲུང་སྡེ་ཁག སྤྱི་པའི་འཕྲོད་བསྟེན་སྡེ་ཁག་བར་གྱི་ཆ་འཕྲིན་བརྒྱུད་འབྲེལ་དང་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་ནད་སྟོན་སྨན་བཅོས་ལ་ཆ་འཕྲིན་སྟབས་བདེ་ཅན་མངོན་འགྱུར་བྱས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
”རིག་ནུས་རྣམ་པའི་སྨན་བཅོས་མ་ལག་གིས་མང་ཚོགས་ཀྱི་བདེ་ཐང་གི“འགོག་སྲུང་དྲ་རྒྱ”བརྟན་པོར་བཏང་བ།