མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པ་ཡན་གྱི་སྨན་བཅོས་སྙིགས་རོ་ཕྱིར་བསྡུ་ཐག་གཅོད་རིམ་བཞིན་མངོན་འགྱུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། གྲོང་ཁྱེར(ཁུལ)སོ་སོ་དང་མཉམ་དུ་ཧུར་ཐག་གིས་ལས་གཞི་རེ་ཞུ་རྩ་འཛུགས་བྱས་ཏེ། མགྱོགས་མྱུར་སྒོས་སྨན་བཅོས་སྙིགས་རོའི་ཐག་གཅོད་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་འཚམས་པའི་སྨན་བཅོས་སྙིགས་རོའི་ཐག་གཅོད་མ་ལག་ཆགས་པར་སྐུལ་འདེད་བཏང་།

སྨན་བཅོས་སྙིགས་རོའི་གཅིག་བསྡུས་ཐག་གཅོད་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་སྙིགས་རོ་དང་། ཉེན་ཁའི་སྙིགས་རོའི་ཕྱིར་བསྡུ་ཐག་གཅོད་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ་ལག་ལེན་དོན་འཁྱོལ་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡིན་ཞིང་། ཏན་ཏིག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཕྲལ་བསྟུན་ནུས་ཤུགས་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་གི་བྱེ་བྲག་བྱེད་ཐབས་ལ་ཤུགས་བསྣོན་དང་། ནད་རིགས་བརྒྱུད་སྒྲོག་སྔོན་འགོག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བཅས་དང་འབྲེལ་བ་ཡོད་པའི་ལས་དོན་ཆེ་ཤོས་ཡིན། ན་ནིང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་སྐོར་རིམ་གཉིས་ལ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་བསྡོམས་པས་སྒོར་ཁྲི20662བཏང་ནས། རང་ཞིང་གི་སྨན་བཅོས་སྙིགས་རོའི་ཐག་གཅོད་ལས་གཞི་ཉི་ཤུའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། དེེར་གྲོང་ཁྱེར(ཁུལ)སོ་སོའི་ད་ཡོད་ཀྱི་སྨན་བཅོས་ཐག་གཅོད་ལྟེ་གནས9ཡི་ནུས་པ་རྒྱ་བསྐྱེད་ལས་གཞི་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གཉིས་ཀྱི་གསར་དུ་འཛུགས་སྐྲུན་བྱས་པའི་ཐག་གཅོད་ལྟེ་གནས་ལས་གཞི། རྫོང་རིམ་པའི་གནས་སྐབས་གསོག་ཉར་འཛུགས་སྐྲུན་ལས་གཞི་དགུ་བཅས་འདུས་ཡོད།

ད་ལོར། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་། ཏུའུ་ལན་རྫོང་། ཝུའུ་ལན་རྫོང་བཅས་རྫོང་རིམ་པའི་སྨན་བཅོས་སྙིགས་རོའི་གཅིག་བསྡུས་ཐག་གཅོད་ལས་གཞི་གསུམ་དང་། རྫོང་རིམ་པའི་སྨན་བཅོས་སྙིགས་རོའི་གནས་སྐབས་གསོག་ཉར་འཛུགས་སྐྲུན་ལས་གཞིབཅུ་དྲུག་གི་རྩ་འཛུགས་རེ་ཞུ་བྱ་བ་ལེགས་འགྲུབ་བྱས་ཟིན་ལ། དེར་སྤྱིའི་མ་དངུལ་སྒོར་ཁྲི8751དང་འབྲེལ་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།