ད་ལོར་ཟི་ལིང་གིས་རིགས10ཡི་གཙོ་གནད་དམངས་འཚོ་དོན་དངོས30ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་ཞུགས་ནས་སློབ་གསོ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ནས་གྲོང་ཁྱེར་མཛེས་བཟོ། བདེ་སྐྱིད་རྒན་གསོ་ནས་སྨན་བཅོས་འགན་སྲུང་་སོགས། ཟླ3པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་གྱིས་ཁྱབ་བསྒྲགས་བྱས་པའི2021ལོའི་དམངས་འཚོ་དོན་དངོས་ལས་གཞི30དག་ནི་རེ་རེ་བཞིན་དམངས་འཚོ་དང་འབྲེལ་བ་ཟབ་ལ་དམངས་ཀྱི་སེམས་སུ་ཟུག་ཡོད།

ད་ལོར་ཟི་ལིང་གྲོང་ཁྱེར་གྱི་དམངས་འཚོའི་ལས་དོན་ནང་ཚུད་པའི་ལས་གཞི་ནི་སྔར་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་ཡིན་ཞིང་། ལས་ཞུགས་དང་སློབ་གསོ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཞིང་སྡེའི་ཁོར་ཡུག་ལེགས་བཅོས། སྨན་བཅོས་འགན་སྲུང་། རྒན་གསོ་སོགས་ཕྱོགས་མང་པོའི་ཐད་ཀྱི་རིགས་ཆེན་པོ10ཡི་གཙོ་གནད་དམངས་འཚོ་དོན་དངོས་ལས་གཞི30བཀོད་སྒྲིག་བྱས་ཡོད། 

དམངས་འཚོ་བཟོ་སྐྲུན་ལས་གཞི30ནི། མཁར་གྲོང་གི་གསར་བསྣོན་ལས་ཞུགས་མི་གྲངས་ཁྲི3.3དང་། ཤང་གྲོང་གི་ངལ་རྩོལ་ནུས་ཤུགས་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི3། དེ་མིན་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་མི་ཐེངས་ཁྲི35མངོན་འགྱུར་བྱེད་རྒྱུ་དང་། བྱིས་སྐྱོང་ཁང20དང་འོས་འགན་སློབ་གསོའི་སློབ་གྲྭ10གསར་སྐྲུན་དང་རྒྱ་བསྐྱེད་བྱས་ཏེ་སློབ་གནས5000གསར་བསྣོན་བྱེད་རྒྱུ། ཟི་ལིང་གྲོང་ཁྱེར་མང་ཚོགས་རིག་གནས་སྒྱུ་རྩལ་བྱ་འགུལ་བརྗེ་རེས་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་དང་བེད་སྤྱོད་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་རྒན་པའི་རིག་གནས་སྒྱུ་རྩལ་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ། ཤང་གྲོང་གི་ལུས་ཕུང་བདེ་ཐང་ཐང་ཆེན15འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་། སྤྱི་ཚོགས་ལ་རིན་མེད་ངང་སློབ་གྲྭ15ཡི་རྩལ་སྦྱངས་ར་བ་སྒོ་འབྱེད་རྒྱུ། སྡེ་བ60ཡི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལེགས་འགྲུབ་བྱེད་པ་དང་། སྡེ་བ་དང་གྲོང་རྡལ54ལ་འཚོ་བའི་གད་སྙིགས་བསྡུ་ལེན་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ། ནན་ཁྲོན་སྤྱི་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་། གྲོང་ཁྱེར་མཛེས་ལྗོངས་ས་ཚིགས་དང་སྲང་བར་སྐྱེད་ཚལ་སོགས50གསར་སྐྲུན་བྱེད་པ། ཁྱམས་རའི་ལྗང་བསྒྱུར་བཟོ་སྐྲུན6ལེགས་འགྲུབ་བྱེད་པ། ཁུ་ནུ་སྲང་ལམ་གྱི་ནུབ་ཕྱོགས་རྒྱུན་སྲིང་གཞུང་ལམ་གྱི་ལྗང་བསྒྱུར་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ། ཅིན་ཡོས་ཀོང་གཞིས་ཁུལ་སོགས་སྲང་ལམ་བརྒལ་བའི་བགྲོད་ལམ་འཛུགས་སྐྲུན་དང་། ལྔ་གཅིག་ལམ་དང་བདུན་གཅིག་ལམ་གྱི་ས་འོག་སྦུག་ལམ་དང་ལམ་ངོས་ལེགས་བཅོས་བཟོ་སྐྲུན། ཧའེ་ཧུའུ་ལམ་གྱི་ཟམ་པ་རྒྱག་པའི་བཟོ་སྐྲུན་བཅས་ལེགས་འགྲུབ་བྱ་རྒྱུ། གསར་དུ་སྙོམས་སྒྲིག་བྱས་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་ལམ་ཐིག8གསར་འབྱེད་བྱེད་རྒྱུ། དྲ་སྟེང“ཕྱིར་འཚོང་མཉམ་ལས་ཁང”གསར་སྐྲུན་དང་། ལོ་ཧྲིལ་བོར་གློག་རྡུལ་ཚོང་དོན་དྲ་གནས30གསར་བསྣོན་དང་བཟོ་བཅོས་མཐོར་འདེགས་བྱེད་རྒྱུ། སྡེ་བ20ཡི་མི་ཁྲི1.5ཡི་འཐུང་ཆུའི་བརྟན་འཇགས་མཐོར་འདེགས་བཟོ་སྐྲུན་ལེགས་འགྲུབ་བྱེད་རྒྱུ། གྲོང་གསེབ་ཀྱི་བུད་མེད་མི་གྲངས་ཁྲི2.5ལས་མི་ཉུང་བར་རིན་མེད་ངང“འབྲས་སྐྲན་གཉིས”ཀྱི་བརྟག་བཤེར་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྐྱེས་མ་ཐག་པའི་བྱིས་པར་རིན་མེད་ངང་ནད་རིགས་བརྟག་བཤེར་བྱེད་རྒྱུ། རྒན་གཅེས་བདེ་སྐྱིད་ཟ་ཁང20དང་སྤྱི་གཞུང་ཟ་ཁང5། དེ་མིན་ཞིང་སྡེའི་རྒན་རྒོན་གཞིས་ཁྱིམ50གསར་འཛུགས་བྱེད་རྒྱུ། ལོ་གསུམ་མན་གྱི་བྱིས་པའི་བུ་བཅོལ་སྡེ་ཁག7གསར་འཛུགས་བྱེད་པ་དང་། མི་གྲངས་ཁྲི3ལས་མི་ཉུང་བའི་ཟླ6ནས་ཟླ36བར་གྱི་བྱིས་པར་རིན་མེད་ངང་བྱིས་པའི་ཟས་བཅུད་ཁུག་མ་སྟེར་རྒྱུ། “ངོ་གདོང་ངོས་འཛིན”མ་ལག་གི་ཐོབ་ཐང་འཛིན་ཡིག་མངོན་འགྱུར་བྱེད་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ཚོང་ལས་དངུལ་ཁང་སོ་སོའི་སྡོད་ཁང་དངུལ་བུན་གཏོང་བའི་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱུ། མཁར་གྲོང་གི་གཞིས་ཁུལ་རྙིང་བ་བཟོ་བཅོས་ལས་གཞི་ཁང་བ་ཁྲི3.5ལག་བསྟར་བྱེད་པ་དང་། དེ་མིན་རྩེག་རིམ་ཉུང་བའི་སྡོད་ཁང་དུ་གློག་སྐས་འཛུགས་པའི་ལས་གཞི70ལག་བསྟར་བྱེད་པ། རིག་ནུས་བདེ་འཇགས་གཞིས་ཁུལ25འཛུགས་སྐྲུན་བྱེད་པ། ཞིང་བའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་དུད་ཁྱིམ5000ལེགས་འགྲུབ་བྱེད་རྒྱུ་སོགས་འདུས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།