ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ། མཚོ་ལྷོ་ཁུལ་གྱིས་དེང་རབས་སྐྱེ་ཁམས་ཕྱུགས་ལས་དང་། དག་གཙང་ནུས་ཁུངས་ཐོན་ལས། གཞི་གྲངས་ཆེན་མོའི་བརྡ་འཕྲིན་ལག་རྩལ་ཐོན་ལས། རིག་གནས་གནས་སྐོར་ཞབས་ཞུ་ཐོན་ལས་བཅས“ཐོན་ལས་ཆེན་མོ་བཞི”འཕེལ་རྒྱས་སུ་བཏང་ནས། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། གུང་ཧོ་གཞོང་སའི་འཕེལ་རྒྱས་ལ་ཐོན་ལས་ཀྱི་གཞོགས་འདེགས་མཁོ་འདོན་བྱས།
མཚོ་ལྷོ་ཁུལ་གྱིས“ཕྱུགས་ལས་སྟོབས་ལྡན་ཁུལ”འཛུགས་སྐྲུན་གྱི་དམིགས་འབེན་ལྟར། བཙོག་མེད་འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་། ཁྱོན་ཡོངས་ནས་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་འཛུགས་སྐྲུན་བྱས་ཏེ། མུ་མཐུད་དུ་ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག ཞབས་ཞུ་སྦྲེལ་ཐག་བཅས་རྒྱ་བསྐྱེད་རྒྱུ་རེད། མགྱོགས་མྱུར་སྒོས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཚོགས་པའི་བཟོ་འགོད་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ངོ་བོ་མཐོར་འདེགས་བཟོ་འགོད་ལག་བསྟར་བྱས་ནས། “གཤིན་ས་མུའུ་ཁྲི་སྟོང་གི”འཆར་གཞི་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་། བཙོག་མེད་སྐྱེ་ལྡན་ངོས་ལེན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་བཏང་སྟེ། གསོ་སྤེལ་འབག་བཙོག་འགོ་ཁུངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུ་རེད།
ཧུར་ཐག་གིས་གུང་ཧོ་རྫོང་འོད་ནུས་གླིང་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་ནུས་ཁུངས་གསར་བའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལུང་ཅིའི་མ་རྐང་འོད་ནུས་ལྷུ་ལག་ཐོན་སྐྱེད་དང་ཧྲིན་ཧྲི་ཀྲུང་དབྱིན་ནུས་ཁུངས་གསར་བའི་སྒྲིག་ཆས་ལས་བསྣོན། མཚོ་སྔོན་དང་ཧི་ནན་གྱི་དུས་རིམ་གཉིས་པའི་གློག་ཁུངས་སྡེབ་སྒྲིག་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཤུགས་ཆེན་པོས་གློག་དྲ་བསྒྱུར་བཅོས་དང་གློག་དྲའི་གློག་འདོན་ལམ་ཐིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་དག་གཙང་ནུས་ཁུངས“ནུབ་གློག་ཤར་འདྲེན”གྱི་རྟེན་གཞི་གཙོ་བོ་གསར་སྐྲུན་བྱས་ནས་ས་འོག་དྲོད་འདོན་ཐོན་ལས་འཕེལ་རྒྱས་སུ་བཏང་།
ཁུལ་འདིས་ད་དུང་ཁོངས་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། ཁོངས་ཡོངས་ཡུལ་སྐོར་གྱི་སྣེ་ཁྲིད་ལས་གཞི་དང་རིག་གནས་གནས་སྐོར་ལམ་ཐིག་སྤུས་ལེགས་གསར་སྐྲུན་བྱས་ནས། གྲོང་གསེབ་གནས་སྐོར་དང་སྐྱེ་ཁམས་གནས་སྐོར། རིག་གནས་གནས་སྐོར་བཅས་མཉམ་འདྲེས་བྱེད་པར་སྐུལ་འདེད་དང་། ཡུལ་ལྗོངས་ཁུལ་གྱི“ཤར་གཏོང་ལྔ་དང་ཡོད་པ་བཞི”ཡི་བཟོ་འགོད་ལ་གཅིག་གྱུར་སྐུལ་འདེད་བཏང་བ་མ་ཟད། 5Gདཔེ་མཛོད་ཁང་དང་ཀོས་ནན་རྫོང་རྩེ་མ་ཡུལ་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་སོགས་རིག་གནས་གནས་སྐོར་ལས་གཞི་ལག་བསྟར་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་ལྷོའི“ཐོན་ལས་ཆེན་མོ་བཞིས”དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།