རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཁྲི་ཀ་རྫོང་དུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་བཤད་བྱེད་པ་དང་། ལོ་མགོའི་གཙོ་གནད་བྱ་བར་མཛུབ་སྟོན་རྟོག་ཞིབ་གནང་། རྟོག་ཞིབ་སྐབས་སུ། ཡུལ་དངོས་ནས་ཁྲི་ཀ་རྫོང་རྒན་གསོ་ཁམས་གསོའི་དཔེ་སྟོན་རྟེན་གཞི་དང་། ལུའུ་ཧྭ་ཝན་ཆུའི་སྐྱེ་ཁམས་སྤྱི་གླིང་། དམངས་ཡོངས་ལུས་ཕུང་བདེ་ཐང་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་ཤིང་། ཞིན་ཅའེ་ཧུའེ་རིགས་ཤང་ལུའུ་ཆའེ་སྡེ་བའི་ཞིང་ཁར་སོང་ནས་དཔྱིད་འདེབས་བྱ་བར་རྟོག་ཞིབ་བྱས། དེ་རྗེས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། རྫོང་དང་ཤང་གི་ལོ་མགོའི་གཙོ་གནད་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་ཉན་པ་མ་ཟད། རྗེས་མའི་བྱ་བར་མཛུབ་སྟོན་བསམ་འཆར་བཏོན། 

རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཐད་མངོན་པའི་བསམ་བློའི་རྣམ་པ་གསར་བ་དང་། ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་། 

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཏན་ཏིག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཆེད་དོན་གྲོས་མོལ་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཞི་རིམ་སྲིད་གྲོས་ཀྱི“ཞན་ཆ་གཉིས”ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། དམངས་གཙོ་གྲོས་མོལ་དེ་གཞི་རིམ་དུ་རྒྱུན་བསྲིངས་པ་དང་། མང་ཚོགས་དང་ཉེ་བར་བཅར་བར་སྐུལ་འདེད་བཏང་ནས། མི་དམངས་སྲིད་གྲོས་ཀྱི་སྒྲིག་སྲོལ་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། ཏན་ཏིག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ནས། ཕུགས་འདུན་དང་ཡིད་ཆེས་བརྟན་པོ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཕྲག་ཏུ་བླངས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།