ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས2016ལོ་ནས2020ལོ་བར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་སྤྱི་བསྡོམས་དཔྱད་འཇོག་མཇུག་འབྲས་སྤྱི་བསྒྲགས་བྱས་པ་དང་། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གཉིས་ལ་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་ཕུལ་བྱུང་མཚན་སྙན་ཐོབ།
ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གསར་འཛུགས་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་དང་མཚོ་བྱང་ཁུལ་ཆི་ལེན་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཅས་ས་གནས་ཁག་གིས་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ཚད་གཞི་ལྟར། ཚན་རྩལ་ཁྱབ་གདལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཚན་རྩལ་ཁྱབ་གདལ་གྱི་ཁྱབ་ཁོངས་ཇེ་ཆེར་གཏོང་བ། ནུས་ཤུགས་ཡོད་ཚད་སྤྱད་དེ་ཚན་རྩལ་ཁྱབ་གདལ་རྣམ་གྲངས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བའི་འཆར་འགོད་རྩ་གནད》ལག་ལེན་མཐར་ཕྱིན་བྱས་ནས་མཛུབ་སྟོན་དང་ཞབས་ཞུའི་བྱ་བ་ནན་ཏན་གྱིས་སྒྲུབ་པ་དང་། ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་གཙིགས་སུ་བཟུང་སྟེ་དཔེ་སྟོན་ཁུལ་གསར་འཛུགས་བྱ་བ་དེ་ས་གནས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་དམིགས་འབེན་དུ་བཞག་ནས་སྐུལ་འདེད་བྱས་པ་དང་། ས་གནས་དེ་གའི་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས། དམངས་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དུ་གཏོང་བའི་རྣམ་པ་གསར་སྐྲུན་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། ཚན་རྩལ་ཁྱབ་གདལ་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་གྱི་ས་ཁུལ་གཉིས་ལ་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་ཕུལ་བྱུང་མཚན་སྙན་ཐོབ།