ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དང་ཧོ་ཏུང་ཤང་། ཧོ་དབྱིན་གྲོང་རྡལ། ཧོ་ཞི་གྲོང་རྡལ། དཀར་བརྗིད་ཤང་སོགས་སུ་སོང་ནས་སྡེ་ཁུལ་དང་ཞིང་བའི་ཁྱིམ་ཚང་དུ་བསྐྱོད་དེ། ཡུལ་དངོས་ནས་ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་དང་། དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་རྒྱས་དང་མཐུད་སྦྲེལ་ནུས་ལྡན་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
ལིའུ་ཁྲའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར། དབུལ་ཐར་མཁྲེགས་གཏོར་གྱི་དགོངས་དོན་དར་སྤེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་རྒྱས་དང་མཐུད་སྦྲེལ་ནུས་ལྡན་བྱས་ནས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཕན་འབྲས་མཐོ་བ་དང་། རོང་འབྲོག་ཁུལ་གྱི་གནས་འཚམ་ལས་འཚམ། རོང་འབྲོག་དམངས་ཀྱི་འབྱོར་ཕྱུག་བཅས་མངོན་འགྱུར་བྱེད་དགོས། ཕྱིར་དབུལ་བོར་ལོག་པའི་འགུལ་རྣམ་ལྟ་སྐུལ་ཚད་ལེན་དང་རོགས་སྐྱོར་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱིར་དབུལ་བོར་ལོག་སླ་བའི་མི་གྲངས་ཤེས་རྟོགས་དང་དང་ལེན་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། དབུལ་ཐར་རྫོང་དང་དབུལ་ཐར་སྡེ་བ། དབུལ་ཐར་མི་གྲངས་བཅས་ལ་རོགས་སྐྱོར་གང་ལེགས་བྱས་ཏེ་དབུལ་ཐར་མང་ཚོགས་ཕྱིར་དབུལ་བོར་མི་ལོག་པར་ཁག་ཐེག་བྱེད་དགོས། ཐོན་ལས་ཀྱི་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་ཚོང་རའི་འགྲན་རྩོད་ནུས་ཤུགས་དང་ཕྱིར་གཏོང་ནུས་ཤུགས་ཇེ་མཐོར་བཏང་སྟེ། མགྱོགས་མྱུར་སྒོས་བཙོག་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ཡུལ་གསར་སྐྲུན་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་སྒུལ་ཤུགས་དང་ཞིང་ཕྱུགས་ལས་ཀྱི་སླར་གསོའི་ནུས་པ་མཐོ་རུ་གཏོང་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ལིའུ་ཁྲའོ་ཡིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱས།