མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ནང་དུ་གཞི་ཁྱོན་ཆེ་བའི་ནུས་གསོག་འདེགས་སྐྱོར་གྱི་བསྡུར་ཚད་མཐོ་ལ་བསྐྱར་སྤྱོད་ཐུབ་པའི་ནུས་ཁུངས་གློག་ཤུགས་མ་ལག་བདེ་འཇགས་ཀྱི་ལག་རྩལ་ཞིབ་འཇུག་ཐེངས་དང་པོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་མངགས་བཅོལ་ལྟར་སྣེ་ཁྲིད་པའི《གཞི་ཁྱོན་ཆེ་བའི་ནུས་གསོག་འདེགས་སྐྱོར་གྱི་བསྡུར་ཚད་མཐོ་ལ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཤུགས་མ་ལག་བདེ་འཇགས་བརྟན་བརླིང་འཁོར་སྐྱོད་བྱེད་པའི་ཞིབ་འཇུག》ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་རེད། དེ་ནི་རྒྱལ་ནང་དུ་ཞིབ་འཇུག་འདི་བྱེད་ཐེངས་དང་པོ་ཡིན་ལ། གཞི་ཁྱོན་ཆེ་བའི་ནུས་གསོག་འདེགས་སྐྱོར་གྱི་བསྡུར་ཚད་མཐོ་ལ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཤུགས་མ་ལག་བདེ་འཇགས་ལག་རྩལ་གྱི་སྟོང་ཆ་ཁ་གསབ་ནས་རང་རྒྱལ་གྱི་ནུས་ཁུངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྔར་བས་སྐུལ་འདེད་གཏོང་ཐུབ། 

གཞི་ཁྱོན་ཆེ་བའི་ནུས་གསོག་འཕེལ་རྒྱས་གཏོང་རྒྱུ་ནི་མིག་སྔར་ནུས་ཁུངས་གསར་པ་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱེད་པའི་ལག་རྩལ་གྱི་འདེགས་སྐྱོར་ཡག་ཤོས་ཡིན་པས་གློག་དྲའི་འཁོར་སྐྱོད་བདེ་འཇགས་དང་ནུས་རྒྱུ་གསར་པ་བེད་སྤྱོད་གཏོང་ཚད། གློག་ཤུགས་དང་གློག་ཚད་དོ་སྙོམས་སོགས་ཀྱི་ཐད་ལ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་པ་ཐོན་ཐུབ། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ད་ལོའི་ཟླ་དང་པོར་མཚོ་སྔོན་ཞིང་ཆེན་གྱིས《ནུས་གསོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ(ཚོད་ལྟའི་ལག་བསྟར)》བཏོན་ནས་ནུས་གསོག་ཐོན་ལས་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་བཏོད་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་འཇུག་དེས་མཚོ་སྔོན་གློག་དྲ་རྨང་གཞིར་བཟུང་ནས་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་གཉིས་ཀར་ལྟ་རྟོག་བྱེད་པར་གཞིགས་ནས། དེའི་དམིགས་ཡུལ་ནི་གཞི་ཁྱོན་ཆེ་བའི་ནུས་གསོག་འདེགས་སྐྱོར་གྱི་བསྡུར་ཚད་མཐོ་ལ་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་ཤུགས་མ་ལག་བདེ་འཇགས་དང་བརྟན་བརླིང་འཁོར་སྐྱོད་ཀྱི་ཆོག་འཐུས་རང་བཞིན་འཚོལ་ཞིབ་བྱས་པ་དང་། རྒྱལ་ཡོངས་ཀྱི་ནུས་གསོག་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་མཛུབ་ཁྲིད་ཐུབ་པའི་བསྡོམས་ཚིག་ལ་ཞིབ་འཇུག་བྱས་ནས་རང་རྒྱལ་གྱི“ཐཱན་རྩེར་ཐོན”དང“ཐཱན་སྙོམས་སྒྲིགགི་དམིགས་ཚད་གང་མགྱོགས་ངང་མངོན་འགྱུར་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།