ཧུའུ་ཀྲུའུ་རྫོང་ཁྲིམས་ཁང་གིས་ཞང་གྲོང་ནས་དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་བྱས་ཏེ་བུད་མེད་ཀྱིས་ཁྲིམས་ལྟར་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི‘དམངས་དོན་ཁྲིམས་གཞུང’སྒྲོག་འགྲེལ་ཞང་གྲོང་དུ་སྐྱེལ་བའི”སྒྲོག་འགྲེལ་བྱ་འགུལ་ཐོག་མ་སྤེལ།

སྒྲོག་འགྲེལ་ཁྲོད་ཁྱིམ་དོན་འདྲི་གཅོད་ཚོགས་པའི་ཁྲིམས་དཔོན་ཀྲའོ་ཡུས་ཞན་གྱིས་དཔེ་མཚོན་གྱོད་དོན་དང་ཁྲིམས་ལུགས་ཤེས་བྱ་ཟུང་དུ་སྦྲེལ་ཏེ།བུད་མེད་རྣམས་གཉེན་འབྲེལ་ཁྱིམ་ཚང་གི་འཚོ་བའི་ཁྲོད་རྒྱུན་དུ་འཕྲད་སྲིད་པའི་རྩོད་གཞི་དང་ཁྱིམ་ཚང་ནང་གི་དྲག་ཤུགས་སོགས་ཀྱི་གནད་དོན་ལ་དམིགས་ནས།ཁྲིམས་ལྟར་ཁེ་དབང་སྲུང་བའི་བྱེད་ཐབས་དང་གོ་རིམ་འགྲེལ་བཤད་ཟབ་མོ་བརྒྱབ་པ་དང་།བྱ་འགུལ་སྤེལ་ཡུལ་ནས་ཁྱིམ་ཚང་ནང་གི་དྲག་ཤུགས་དང་འབྲེལ་བའི་དངོས་བཤུས་གློག་བརྙན་བསྟན་ནས།རྒྱ་ཆེའི་བུད་མེད་རྣམས་ལ་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤེས་དགོས་པའི་སློབ་གསོ་བཏང་ཞིང་ཁྲིད་སྟོན་བྱས།

ཐེངས་འདིའི་སྒྲོག་བཤད་བྱ་འགུལ་གྱིས་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་ཤེས་བྱའི་གསོག་འཇོག་ནུས་ལྡན་སྒོས་གསར་བསྒྱུར་བྱས་པ་དང་།གཞི་རིམ་བུད་མེད་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ལ།ཁྲིམས་བརྩི་ཁྲིམས་རྟོགས་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་ནུས་པ་མཐོར་འདེགས་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།