ཀོས་ནན་རྫོང་གིས་ཁྲིམས་ལུགས་ཤེས་བྱའི་འཆད་ཁྲིད་སྤེལ་ཏེ་བུད་མེད་ཀྱི་ཁྲིམས་ལུགས་བྱང་ཚད་ཇེ་མཐོར་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་ཁྲིམས་འཛིན་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒོས“གསུམ་བརྒྱད”བུད་མེད་དབང་སྲུང་གཟའ་འཁོར་གྱི་ཁྲིམས་ལུགས་ཤེས་བྱའི་འཆད་ཁྲིད་སྤེལ་བ་རེད།

འཆད་ཁྲིད་ཁྲོད་ཀོས་ནན་རྫོང་ཁྲིམས་འཛིན་ཅུས་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ལས་བྱེད་མི་སྣས་རང་ས་གནས་ཀྱི་དཔེ་མཚོན་གྱོད་དོན་དང་སྦྲེལ་ཏེ།གཙོ་བོ་དམངས་དོན་ཁྲིམས་གཞུང་དང་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས་སོགས་བུད་མེད་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ཏེ།བུད་མེད་ཀྱི་གཉེན་འབྲེལ་འཚོ་བ་དང་ཁྱིམ་ཚང་ནང་གི་དྲག་ཤུགས།ཁྱིམ་ཚང་གི་རྒྱུ་ནོར་རྩོད་གཞི།བུ་ཕྲུག་གི་སྙོར་སྐྱོང་འོས་འགན།བུ་ལོན་འགན་བགོ་སོགས་ཀྱི་དབང་སྲུང་ཤེས་བྱར་འགྲེལ་བཤད་ཟབ་མོ་བརྒྱབ་པ་དང་།བུད་མེད་ཀྱི་དབང་སྲུང་གཏུག་བཤེར་གོ་རིམ་དང་བཅའ་ཁྲིམས་རོགས་སྐྱོར་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་བཏང་བར་མ་ཟད།ལག་ལེན་དངོས་ཀྱི་སྟེང་ནས་རྩོད་གཞི་དང་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་འཕྲད་སྐབས།ཇི་ལྟར“12348མཚོ་སྔོན་ཁྲིམས་དྲ”དང“ཀོས་ནན་རྫོང་གི་ལག་ཐོག་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྟེགས་བུ”བརྒྱུད་དེ་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་ཐོབ་པར་ཁྲིད་སྟོན་བྱས།དུས་མཚུངས་སུ་རྒྱ་ཆེའི་བུད་མེད་རྣམས་ལ་རང་བཀུར་དང་རང་རྟོན།རང་ཚུགས། རང་སྟོབས་བཅས་བྱས་ཏེ།བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤེས་དགོས་པའི་སྐུལ་སློང་དང་ཁྲིད་སྟོན་བྱས་པས།བུད་མེད་རྣམས་སྤྲོ་བ་ཡོད་པའི་སྒོ་ནས་ཞུགས་ཤིང་ནན་ཏན་གྱིས་ཉན་པར་མ་ཟད།རང་ཉིད་ཀྱི་འཚོ་བའི་ཁྲོད་འཕྲད་པའི་བཅའ་ཁྲིམས་དཀའ་གནད་ལ་ཡུལ་དངོས་ནས་བློ་འདྲི་དང་བརྗེ་རེས་བྱས།

ཐེངས་འདིའི་འཆད་ཁྲིད་ཁྲོད།རྒྱ་ཆེའི་བུད་མེད་རྣམས་ལ་བཅའ་ཁྲིམས་ཤེས་བྱའི་གསོ་སྦྱོང་དང་བློ་འདྲི་སྟེགས་བུ་འདོན་སྤྲོད་བྱས་ཏེ།བུད་མེད་ཀྱི་དབང་སྲུང་འདུ་ཤེས་ཇེ་དྲག་དང་།ཁྲིམས་ལུགས་བྱང་ཚད་དང་ཁྲིམས་ལྟར་ཁེ་དབང་སྲུང་བའི་འདུ་ཤེས་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།