རྨ་ལྷོ་ཁུལ་དུ་ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་ཚ་རླབས་འཕྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མི་སྣ་གསོ་སྐྱོང་སྦྱོང་བརྡར་ཆེན་པོ་དང་། ལས་ཐོག་སྦྱོང་བརྡར་ཆེན་པོ། ཁོར་ཡུག་དག་ཐེར་བཅོས་སྐྱོང་ཆེན་པོ”བཅས་ཀྱི་བྱ་བ་སྤེལ་བའི་ཚུན་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་བརྒྱ་ལྷག་གིས་ལས་རྐང་གི་དོན་དངོས་དང་རང་ངོས་ཀྱི་དགོས་མཁོ་ནས་མགོ་བརྩམས་ཏེ། རྣམ་པ་སྣ་མང་གི“དམག་སྦྱོང་དྲག་རྩལ་འགྲན་བསྡུར”སྒྲིག་འཛུགས་བྱས་ཏེ་སྤེལ་བ་དང་། བསྡོམས་པས་རིགས་འདྲ་མིན་སྣ་ཚོགས་ཀྱི་གསོ་སྦྱོང་དང་། ཤེས་བྱའི་འགྲན་བསྡུར། རྩལ་ནུས་དྲག་སྟོབས་འགྲན་བསྡུར། ཤེས་བྱ་འཆད་ཁྲིད་སོགས་ཐེངས267སྤེལ་བ་དང་། བྱ་འགུལ་ནང་ཞུགས་པའི་ལས་བྱེད་པ་མི་ཐེངས་ཁྲི་ཚོ7ལྷག་ལ་སླེབས་ནས། ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད།

རྨ་ལྷོ་ཁུལ་གྱིས་དོན་དངོས་ལ་རྐང་ཚུགས་ནས“ཏང་ཡོན་རྣམས་ཏང་གི་སློབ་གྲྭར་སོང་ནས་རེས་སྐོར་གསོ་སྦྱོང་བྱེད་པའི་བཟོ་འགོད”སྤེལ་བ་དང་། སྐོར་ཁག་བགོས་ནས་ཁུལ་ཡོངས་ཀྱི་ཏང་ཡོན་རྣམས་སྒྲིག་འཛུགས་བྱས་ཏེ།ཏང་གི་སློབ་གྲྭར་དུས་ཡུན་ཉིན6གི་རིང་གཅིག་བསྡུས་གསོ་སྦྱོང་བྱས་ལ།“གཙོ་གནད་གཅིག་དང་དཔེ་དབྱིབསN”ཡི་སློབ་ཁྲིད་བྱེད་སྟངས་སྤྱད་པ་བརྒྱུད་ནས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། བྱ་བ་སྒྲུབ་པའི་ནུས་པ་བཅས་དངོས་གནས་མཐོར་འདེགས་བཏང་བ་དང་། རེས་སྐོར་སྦྱོང་བརྡར་འཛིན་གྲྭ་སྐབས་ཐེངས2ཙམ་ལ་བསྒྲུབས་ནས། མི་ཐེངས600ལ་གསོ་སྦྱོང་བྱས་ཤིང་། འཕྲོ་མའི་འཛིན་གྲྭ་སྒྲུབ་ཐེངས་རྣམས་གོ་རིམ་ལྟར་རིམ་པ་རེ་རེ་བཞིན་སྤེལ་རྒྱུ་རེད།

བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་པ་གོ་སྐབས་སུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་བ་དང་། ཏང་ཨུའི(ཏང་ཙུའུ)ལྟེ་བའི་ཚན་ཆུང་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་པ་དང་། རྫོང་ངམ་ཁྲུའུ་རིམ་པ་དང་ཞང་ངམ་ཁའོ་རིམ་པའི་ལས་བྱེད་པ་རྣམས་དུས་བགོས་ཁག་བགོས་ཀྱིས་རེས་སྐོར་སྦྱོང་བརྡར་སློབ་སྦྱོང་བྱས་པ་དང་། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱིས་དྲིལ་བསྒྲགས་དང་ཁྲིད་སྟོན་སྒོས་སློབ་སྦྱོང་བྱས་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་པའི་དགོངས་དོན་སློབ་གསོ་ཡོངས་སུ་ཁེབས་པར་བྱས་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་སྲིད་ཇུས་ཀྱི་གོ་བ་ལེན་སྟོབས་དང་ལམ་ལུགས་ལག་བསྟར་ནུས་པ་སྔར་བས་མཐོར་འདེགས་སོང་ཡོད།

“གང་ཞིག་ལས་ན་དེ་སྦྱོང་བ་དང་གང་ཞིག་མི་འདང་ན་དེ་གསབ་པའི”གསོ་སྦྱོང་གི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྦྱོང་བརྡར་མ་བྱས་གོང་དང་སྦྱོང་བརྡར་བྱས་རྗེས་ཀྱི་དགོས་མཁོར་བརྟག་ཞིབ་ལེགས་པོ་བྱས་ཏེ། དགོས་མཁོ་ལས་བརྩམས་ཏེ་ཆེད་དོན་གསོ་སྦྱོང་སྤེལ་བ་རེད། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་མི་དོན་ལས་བྱེད་པའི་ཞན་ཆར་དམིགས་ནས། རྩ་འཛུགས་མི་དོན་ལས་བྱེད་པའི་ལས་སྒོའི་ནུས་པ་མཐོ་རུ་འདེགས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྲུན་དང་ལས་བྱེད་པར་ལྟ་སྐུལ་དང་། བརྟག་ཞིབ(དབྱེ་ཞིབ)ཀྱི་སྙན་ཞུ་འབྲི་བ་སོགས་ཀྱི་ཐད་ནས“སྣུམ་སྣོན་གློག་གསོག”བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་གྱི་ལས་བྱེད་པ80ཡི་ལས་སྒོའི་བྱང་ཚད་དང་ཆུ་ཚད་དངོས་གནས་མཐོར་འདེགས་བཏང་།

ཁུལ་ཡོངས་ཀྱི་ལས་ཁུངས་སོ་སོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་བྱེད་པ་གསོ་སྦྱོང་བྱས་པའི་དུས་མཚུངས་སུ། ཤེས་བྱའི་འགྲན་བསྡུར་དང་རྩལ་ནུས་དྲག་རྩལ་འགྲན་བསྡུར་བྱ་རྒྱུ་དེ་གསོ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པའི“འཁྲབ་སྦྱོང་ར་བ”ལྟ་བུར་བརྩིས་ནས། བསྡོམས་པས་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་དུ་བསྒྱུར་བའི་ཤེས་བྱའི་འགྲན་བསྡུར་དང་ཚན་རིག་བྱང་ཚད་ཀྱི་ཤེས་བྱའི་འགྲན་བསྡུར།དེ་མིན་ལས་སྒོའི་རྩལ་ནུས་འགྲན་བསྡུར་གྱི་དྲག་རྩལ་འགྲན་བསྡུར་སོགས་བསྡོམས་པས་ཐེངས20ལྷག་བསྒྲུབས་པ་དང་། དེའི་ནང་དུ་ཞུགས་མཁན་ལས་བྱེད་པ3000ལྷག་ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།