མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཞུང་ལས་ཁང་གི་ཀྲུའུ་རེན་བརྙན་ལམ་ཚོགས་འདུ་མཇུག་བསྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་གཉིས་པ་མགྱོགས་མྱུར་ངང་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་ཡན་པའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཡན་པའེ་ཡིས་རྒྱལ་ཡོངས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་དང་སྐུལ་སློང་བཀོད་སྒྲིག་བྱས་རྗེས། ས་གནས་ཁག་དང་འབྲེལ་ཡོད་ལས་ཁུངས་སོ་སོས་མགོ་ཁྲིད་ལ་ཤུགས་སྣོན་དང་སྤྱི་འདོམས་འཆར་འགོད། ལས་འགན་ཁག་བགོས་དང་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། སློབ་གསོ་དག་ཐེར་གྱི་དུས་མཚམས་སྔོན་མའི་ལས་དོན་གཏན་འཁེལ་གྱི་ལམ་རིམ་གཞིར་བཟུང་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་མགོ་ཡག་པོ་ཞིག་བཙུགས་ཡོད་པར་བསྟན།

ཡན་པའེ་ཡིས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་བར་སྔར་ལས་ལྷག་པར་ཤུགས་སྣོན། དུས་མགོའི་ལས་དོན་ལ“ཕྱིར་མིག་བལྟས་ནས”ཞན་ཆ་འཚོལ་བ་དང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་ཕྲ་བཟོ་བ་དང་སླར་ཡང་ཁ་གསལ་བཟོ་བ། རྒྱལ་ཡོངས་སློབ་གསོ་དག་ཐེར་གཞུང་ལས་ཁང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་། ཞན་ཆ་གསབ་ནས་ཇེ་དྲག་ཏུ་གཏོང་བ་དང་། དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་སྣོན། མིག་སྔའི་ལས་དོན་ལ་སྐུལ་འདེད་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་གནད་དོན་ལ་དམིགས་པ། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དང་ཞིབ་བཤེར་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དག་ཐེར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཁྱད་ཆོས་འབུར་ཐོན་སྐྲུན་པར་འབད་བརྩོན་བྱེད་པ། ཉེན་ཟོན་སློབ་གསོ་དང་དཔེ་བཟང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། དཔྱད་གཞིར་འཛིན་པ་དང་བསྐྱར་དཔར་རྒྱག་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་ཐབས་དང་དཔེ་མཚོན་ཉམས་མྱོང་ཁག་ཅིག་ཕྱོགས་བསྡོམས་བསྡུ་ལེན། སློབ་སྦྱོང་དང་སློབ་གསོའི་གོ་རིམ་ལ་ཕན་འབྲས་དངོས་འཐོབ་པར་འགན་ལེན་བྱེད་པ་དང་། ནན་ཏན་གྱིས་གནད་འགག་དམ་འཛིན་དང་གཙོ་གནད་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན། གནད་དོན་གྱི་ཁུངས་སྣེ་གསེད་བཀྲོལ་དང་བཅོས་དཀའ་བའི་གཅོང་ནད་ལ་ཆེད་དོན་བཅོས་སྐྱོང་བྱེད་པ། སྔ་མོ་ནས་ལེགས་ཕྱོགས་སུ་བསྒྱུར་བའི་འཆར་འགོད་དམ་འཛིན་བཅས་བྱས་ཏེ། དུས་ཐོག་ཏུ་བྱ་བའི་གཙོ་གནད་སྤོ་སྒྱུར་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།