ལིའུ་ཐའོ་ཡིས་མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་དུ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ནས་ཚེས16ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་འཁོར་དང་བཅས་པ་མཚོ་བྱང་ཁུལ་ཧེ་ཡན་རྫོང་དང་རྐང་ཚ་རྫོང་། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མུ་རུ་གཏེར་ཁུལ་དུ་བརྟག་ཞིབ་གནང་བར་ཕྱིན་ནས། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་བསམ་འཆར་དག་ཐེར་དང་། མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རྩྭ་འདེབས་ལྗང་བསྒྱུར་བྱེད་པ་བཅས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་།

ལིའུ་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། “རྒྱལ་ཁབ་སྟོབས་ལྡན”ཡིད་ལ་བཅངས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྔོན་ལ་གྲོན་ཆུང་བྱེད་པ། སྔོན་ལ་སྲུང་སྐྱོང་བྱེད་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པར་དོ་དམ་བཅོས་སྐྱོང་ལ་ཤུགས་སྣོན། ལྗང་མདོག་གི་གཏེར་རི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་གཏེར་རིའི་སྐྱེ་ཁམས་སླར་གསོར་སྐུལ་འདེད་གཏོང་བ་དང་། དག་ཐེར་ལ་དམ་འཛིན་ནན་མོ་བྱེད་པའི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་དུས་བཅད་ཀྱི་བླང་བྱར་གཞིགས་ནས་དུས་མཚམས་ཀྱི་འཕེལ་རིམ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གྱི་བསམ་འཆར་དག་ཐེར་ལེགས་སྒྲུབ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། མཚོ་ནུབ་ཁུལ་དང་མཚོ་བྱང་ཁུལ་གྱི་ཡུལ་དངོས་བཀོད་འདོམས་པུའུ་དང་བཟོ་སྐྲུན་ཁེ་ལས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། རྩྭ་འདེབས་ལྗང་སྒྱུར་གྱི་སྤྱིའི་ཇུས་གཞིར་གཞིགས་ནས་གསོ་སྦྱོང་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། བཟོ་སྐྲུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། མུ་རུ་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་བསྒྱུར་སླར་གསོ་བྱེད་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། བཟོ་སྐྲུན་ཁེ་ལས་རྩ་འཛུགས་བྱས་ཏེ་བཅོས་སྒྲིག་བྱས་ཟིན་པའི་ཕུག་ལམ་དང་གྲོག་ཤུར། རི་སྒང་བཅས་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ས་གཤིས་བསྐྱར་བཅོས་ཀྱི་རྩྭ་འདེབས་ཆ་རྐྱེན་ལ་འགན་ལེན་བྱེད་པ་དང་། ས་གནས་དེ་གའི་རང་བྱུང་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བསམ་གཞིག་གང་ལེགས་ཀྱིས་གོ་སྐབས་དམ་འཛིན་དང་ལས་ཡུན་ལྡོག་རྩིས། འགེལ་རིས་དམག་འཐབ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་བཅོས་སྐྱོང་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ། ད་ལོའི་མུ་རི་གཏེར་ཁུལ་ཡོངས་ཀྱི་“ལྗང་བསྒྱུར་གཟུགས་བརྙན་མཐོང་བ”བཅས་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།