མཚོ་སྔོན་ནས་ཀན་སུའུ་ཡི་ལམ་ཐག་དུས་ཚོད་ལྔས་ཇེ་ཐུང་དུ་འགྲོ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། རྒྱལ་ཁབ་ཀྱི་གཙོ་གནད་བཟོ་སྐྲུན་ཀན་སུའུ་ནས་ཆི་ལེན་བར་གྱི་རྒྱལ་ལམ213གཞུང་ལམ་གྱི་ལམ་ཐིག་ཡོངས་ཀྱི་ཤར་རིའི་ཕུག་ལམ་བདེ་བླག་ངང་ཤར་གཏོང་བྱུང་ཞིང་། དེས་རྒྱལ་ལམ213གྱི་ཀན་སུའུ་ནས་མཚོ་སྔོན་བར་གྱི་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་མཚོན་ཡོད། རྒྱལ་ལམ213སྟེ་ཀན་སུའུ་ནས་ཆི་ལེན་བར་གྱི་རིམ་པ་གཉིས་པའི་ལམ་ཐག་ལ་སྤྱི་ལེ62.769ཡོད་ཅིང་། དེ་ཀན་སུའུ་སུའུ་ནན་རྫོང་ནས་མགོ་བརྩམས་ཏེ། མཇུག་མཚོ་སྔོན་ཆི་ལེན་རྫོང་དུ་ཡོད་ཅིང་། མདོ་ལ་རི་བོ་བརྒལ་ནས་མཚོ་སྔོན་གྱི་ཞིང་ཆེན་གཞུང་ལམ215དང་མཐུད་ཡོད། ཤར་རིའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི3639ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་ཧ་ལམ་སྨི4200ཡོད་ཅིང་། དེ་ནི་ཀན་སུའུ་ནས་ཆི་ལེན་བར་གྱི་ས་བབ་མཐོ་ཚད་ཆེས་མཐོ་བའི་ལམ་མཚམས་ཡིན་པ་རེད།

1.jpg

2.jpg

3.jpg

4.png

5.png

ལས་གཞི་དེ2017ལོའི་ཟླ4བར་ལས་མགོ་བརྩམས་པའི་ཚུན་ལ། ལས་བཟོ་བ་སྟོང་ལྷག་གིས་ཉིན1400ལྷག་ལ་མཐོ་སྒང་དུ་འབད་བརྩོན་བྱས་ཡོད། ལས་ཡུན་ལ་ཁག་ཐེག་བྱ་ཆེད། ད་ལོའི་ལོ་སར་སྐབས་སུའང་ལས་མཚམས་མ་བཞག་པས། ཤར་རིའི་ཕུག་ལམ་དུས་ལྟར་ཤར་གཏོང་བྱུང་བ་མ་ཟད། ད་ལོའི་ཟླ6པར་རྒྱལ་ལམ213སྟེ་ཀན་སུའུ་ནས་ཆི་ལེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དུས་ལྟར་ལེགས་འགྲུབ་བྱུང་བར་རྨང་གཞི་ངེས་ཅན་ཞིག་བཏིངས།   སྐབས་དེར་ཀན་སུའུ་སུའུ་ནན་རྫོང་ནས་མཚོ་སྔོན་ཆི་ལེན་རྫོང་བར་གྱི་ལམ་ཐག་དེ་སྔོན་གྱི་དུས་ཚོད7ནས་དུས་ཚོད2རུ་ཇེ་ཐུང་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།