ལིའུ་ཐའོ་ཡིས་ལས་བགོས་འགན་གཉེར་སྡེ་ཁག་གི་ཀྲུང་དབྱང་སྐོར་ཞིབ་མཚོ་སྔོན་ཞིང་ཆེན་ལན་སློག་བསམ་འཆར་དག་ཐེར་དོན་འཁྱོལ་བྱེད་པའི་བྱ་བའི་ཆེད་དོན་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ལས་བགོས་འགན་གཉེར་སྡེ་ཁག་གིས་ཀྲུང་དབྱང་སྐོར་ཞིབ་མཚོ་སྔོན་ཞིང་ཆེན་ལན་སློག་བསམ་འཆར་དག་ཐེར་བྱ་བ་དོན་འཁྱོལ་བྱེད་པའི་ཆེད་དོན་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། སྐོར་ཞིབ་ལན་སློག་གནད་དོན་ལ་དམིགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ། ལས་འགན་དང་བླང་བྱར་ནན་ཏན། འགན་འཁྲིའི་འབྲེལ་ཐག་དམ་འཛིན། ནུས་པ་ལྡན་པའི་བྱ་ཐབས་སྤྱོད་པ། དག་ཐེར་ལས་འགན་དོན་འཁྱོལ་བྱེད་པར་དམ་འཛིན་བཅས་བྱས་ཏེ། སྐོར་ཞིབ་ཀྱི་ལན་སློག་བསམ་འཆར་དག་ཐེར་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་སྡེ་ཁག་སོ་སོའི་ཏང་ཨུས(ཏང་ཙུའུ)ངེས་པར་དུ་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་སྐོར་ཞིབ་དག་ཐེར་བྱ་བ་ནན་ཏན་གྱིས་འཛིན་པ་དང་། ཏང་ཨུའི(ཏང་ཙུའུ)དག་ཐེར་གཙོ་གཞིའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་འགན་འཁྲི་བ་དང་པོའི་འགན་འཁྲི་དང་སྡེ་ཁག་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་སྐོར་ཞིབ་དག་ཐེར་གྱི“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་ཞིབ་དཔྱད་ནུས་པ་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་གནས་ཚུལ་དངོས་ཤེས་རྟོགས་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས་པར་བསྟན།

ལིའུ་ཐའོ་ཡིས་སྡེ་ཁག་སོ་སོའི་ཏང་ཨུས(ཏང་ཙུའུ)ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་སྐོར་ཞིབ་དག་ཐེར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གཙོ་གནད་ལས་དོན་ལ་སྐུལ་འདེད། བྱ་བའི་ཆུ་ཚད་མཐོར་འདེགས་བཅས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཏང་ཨུས་པར་འགྲེམས་བྱས་པའི《ལག་བསྟར་ཇུས་གཞི》ལ་དམ་དུ་དམིགས་ནས་ལས་འགན་ཁག་བགོས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་། རྩིས་ཁྲ་བཟོས་ནས་དོ་དམ་བྱེད་པ། “འགེལ་རིས་དམག་འཐབ”རྒྱག་པ་དང་དུས་བཅད་སྙོམས་སྒྲིག་བྱེད་པ། དུས་བཅད་ལྟར་རྩིས་ཐོ་བསུབ་པ། དག་ཐེར་ལས་དོན་ཁག་ནན་ཏན་བྱེད་པ། དག་ཐེར་གྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། ལས་ཁུངས་ཀྱི་ཁོངས་མིའི་ནུས་པ་འདོན་སྤེལ་བྱས་ཏེ་གཙོ་འགན་འཁུར་མཁན་དངོས་ཀྱིས་དམ་འཛིན་དང་། ལས་བགོས་འགན་གཉེར་བྱེད་མཁན་བློ་མཐུན་གྱིས་བྱེ་བྲག་ཏུ་དམ་འཛིན། ཏང་ཡོན་ལས་བྱེད་པས་ཐུན་མོང་དུ་དམ་འཛིན་བྱེད་པའི་དག་ཐེར་གྱི་རྣམ་པ་ཆགས་པར་བྱེད་པ་དང་། དོན་དངོས་ཀྱིས་དག་ཐེར་དང་ལེགས་བཅོས་ཀྱི་ཕན་འབྲས་ལ་བརྟེན་ནས་སྡེ་ཁག་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་བསུ་བ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།