རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་གྱི་ཨུ་ཡོན་རྣམས་ཚེས2ཉིན་པེ་ཅིང་དུ་འབྱོར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན།  མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གནམ་གྲུ་བསྡད་དེ་པེ་ཅིང་དུ་འབྱོར་བ་དང་།  ཟླ3པའི་ཚེས4ཉིན་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་གྱི་གྲོས་ཚོགས་ཐེངས་བཞི་བར་ཞུགས་རྒྱུ་རེད།

14.jpg

ཐེངས་འདིར་པེ་ཅིང་དུ་འབྱོར་བའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན16ཡོད་པ་དང་།  སོ་སོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་།  དམངས་གཙོ་མནའ་མཐུན་ཚོགས་པ།  དམངས་གཙོ་རྒྱལ་འཛུགས་ཚོགས་པ།  བཟོ་ཞིང་ཏང་།  དགུ་གསུམ་སློབ་ཚོགས།  བཟོ་ཚོང་མཉམ་འབྲེལ་ཚོགས་པ། གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་བཅས་སུ་གཏོགས་པའི་སྲིད་གྲོས་ཨུ་ཡོན་ཡིན།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱང་སྐྱོད་གྱི་ལམ་བུ་གསར་བ་མགོ་རྩོམ་པའི་དུས་གནད་དུ་བསྡུས་པ་ཡིན་ཏེ་དེར་དོན་སྙིང་གལ་ཆེན་ལྡན།  ཐེངས་འདིའི་ཚོགས་འདུ་བདེ་བླག་ངང་ཚོགས་ཆེད་པེ་ཅིང་དུ་མ་སོང་གོང་ཨུ་ཡོན་རྣམས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱ་ཆེའི་མང་ཚོགས་ཀྱི་སེམས་འཁུར་བྱེད་པའི་གནད་དོན་གཙོ་བོ་ལ་དམིགས་ནས། གཞི་རིམ་དུ་བསྐྱོད་པ་དང་གཞི་རྒྱ་ཆེ་བའི་ངང་ཞིབ་དཔྱད་བྱས་ཏེ་ནན་ཏན་སྒོས་འཐབ་ཇུས་གྲོས་གཞི་ལ་གྲ་སྒྲིག་བྱས།  །  

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།