མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་ཏེ་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་པད་མ་ཡིས་ལས་དོན་སྙན་ཞུ་ཕུལ་ཞིང་། ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་སངས་རྒྱས་རྒྱལ་དང་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆིས་ཀྲུང་དང་ཀའོ་རུའུ་ཀྲུའོ་དང་། ཀྲུའུ་རིན་གཞོན་པ་སུའུ་ཉིང་དང་ཧན་ཡུས་ཀུའེ་སོགས་གྲོས་ཚོགས་ལ་ཞུགས།

ཝང་ཡུས་ཡན་གྱིས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་བློ་མཐུན་རྒན་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ་དང་རིམས་ནད་འགོག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་བའི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས། གཞོན་ནུ་ལོ་ཆུང་བདེ་འཇགས་ངང་འཚར་ལོངས་ཡོང་བར་རོགས་རམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། ཁོང་གིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་བཙུགས་ནས་ལོ་ངོ30འཁོར་བའི་ལོ་ཡང་ཡིན་པས། རིམ་པ་ཁག་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གཙོ་གནད་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་ལ་དམིགས་ནས་ཀུན་སྤྱོད་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་གཞི་དམ་འཛིན་བྱས་ནས། སྔར་ལས་ལྷག་པར་ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བཟང་པོ་བྱེད་དགོས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་ལོ་རྒྱུས་ཀྱི་ལས་འགན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྔར་ལས་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཏང་གིས་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བར་མཐུན་སྒྲིལ་སློབ་གསོ་གཏོང་བ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་གྱི་སྒུལ་ཤུགས་ཀྱི་འབྱུང་རྩ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། “ཏང་འཛུགས་སྐྱོང་གིས་འགག་སྒོའི་འཛུགས་སྐྲུན་ལ་སྣེ་ཁྲིད་པའི”ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

པད་མས་ན་ནིང་གི་ལས་དོན་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པ་མ་ཟད། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྟེ་བའི་ལས་དོན་ལ་དམིགས་ཏེ། རྒན་ལྔའི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱའང་བཏོན། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།