མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་ལས་ཁུངས28ཀྱིས་རྒྱལ་ཁབ་རིམ་པའི་གྲོན་ཆུང་དཔེ་སྟོན་སྡེ་ཁག་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་གཞུང་ལས་ཁང་གི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་ལས་ཁུངས28ཀྱིས་རྒྱལ་ཁབ་རིམ་པའི་གྲོན་ཆུང་དཔེ་སྟོན་སྡེ་ཁག་བཙུགས་པ་དང་། སྤྱི་བའི་ལས་ཁུངས6ལ“རྒྱལ་ཁབ་རིམ་པའི་ནུས་ཕྱོད་སྣེ་ཁྲིད་པའི”མཚན་སྙན་ཐོབ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ནུས་བསྲི་སྙིགས་འཕྲིའི་ཕྱོགས་བསྡུས་བྱ་བའི་ཇུས་གཞི་དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་ཐོ》ལག་བསྟར་དོན་འཁྱོལ་བྱ་ཆེད། 《2019ལོ་ནས2020ལོའི་བར་གྱི་གྲོན་ཆུང་རྣམ་པའི་སྤྱི་བའི་ལས་ཁུངས་ཀྱི་དཔེ་སྟོན་སྡེ་ཁག་གསར་འཛུགས་དང་ནུས་ཕྱོད་སྣེ་ཁྲིད་པའི་འདེམས་སྒྲུག་ལས་དོན་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་ས་ཁུལ་སོ་སོ་དང་། སྡེ་ཚན་སོ་སོ་རྩ་འཛུགས་བྱས་ནས2019ལོ་ནས2020ལོའི་བར་གྲོན་ཆུང་རྣམ་པའི་སྤྱི་བའི་ལས་ཁུངས་ཀྱི་དཔེ་སྟོན་སྡེ་ཁག་གསར་འཛུགས་དང་སྤྱི་བའི་ལས་ཁུངས་ཀྱི་ནུས་ཕྱོད་སྣེ་ཁྲིད་པའི་འདེམས་སྒྲུག་ལས་དོན་སྤེལ་བ་རེད། 

ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་སྙན་ཞུ(འོས་སྦྱོར)དང་། གསར་གཏོད། ཐོག་མའི་དཔྱད་བསྡུར་བཅས་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱིས་བསྐྱར་ཞིབ་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་སོགས་སྡེ་ཁག28“རྒྱལ་ཁབ་རིམ་པའི་གྲོན་ཆུང་དཔེ་སྟོན་སྡེ་ཁག”ལ་གཏན་འཁེལ་བྱས་པ་དང་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་སོགས་སྡེ་ཁག6“རྒྱལ་ཁབ་རིམ་པའི་ནུས་རྒྱུའི་སྣེ་ཁྲིད་པར”བདམས་པ་རེད། 

དཔེ་སྟོན་སྡེ་ཁག་གསར་འཛུགས་དང་ནུས་ཕྱོད་སྣེ་ཁྲིད་པའི་འདེམས་སྒྲུག་ལས་དོན་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་སྡེ་ཁག28དང་ནུས་ཕྱོད་སྣེ་ཁྲིད་པ་སྡེ་ཁག6གིས་ནུས་རྒྱུའི་ཐོན་ཁུངས་བེད་སྤྱོད་པའི་ལས་ཕྱོད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། དེས་སྔོན་ཐོན་ཆུ་ཚད་མཚོན་ཞིང་ཉམས་མྱོང་དང་བྱ་ཐབས་གྲུབ་ཡོད། དཔེ་སྟོན་སྡེ་ཁག་དང་ནུས་རྒྱུ་སྣེ་ཁྲིད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རིམ་པ་སོ་སོ་དང་རིགས་སོ་སོའི་སྤྱི་བའི་ལས་ཁུངས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་རྒྱུ་གྲོན་ཆུང་དང་ཐོན་ཁུངས་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་དཔེ་སྟོན་ལ་སློབ་སྦྱོང་དང་དཔེ་སྟོན་གཏོད་པ། དཔེ་སྟོན་བྱེད་པ་བཅས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆགས་པར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་ལས་ཁུངས་ཀྱིས་ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་གི་ལས་དོན་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།