མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བའི་ཟླ་གཅིག་གི་གློག་འདོན་ཚད་ཆུ་གློག་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ2པར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སྤྱིའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར65.54ལ་སླེབས་པ་དང་། དེའི་ཁྲོད་ཆུ་གློག་གི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར23.12ཡིན་པ་དང་། བསྡུར་ཚད་བརྒྱ་ཆའི35.27ལ་སླེབས་ཤིང་། ནུས་ཁུངས་གསར་བའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར26.27ལ་སླེབས་པ་དང་། བསྡུར་ཚད་བརྒྱ་ཆའི40.09ཡིན་ཞིང་། དུས་མཉམ་ལས་བརྒྱ་ཆའི43.99འཕར་བ་དང་། ནུས་ཁུངས་གསར་བའི་གློག་འདོན་ཚད་ཐོག་དང་པོར་ཆུ་གློག་ལས་བརྒལ་ཏེ། ཞིང་ཆེན་ནང་ཁུལ་གྱི་གློག་འདོན་གློག་ཁུངས་ཆེ་གྲས་སུ་གྱུར། 

ཟླ2བར་ལོ་སར་གྱི་དུས་སྐབས་སུ་ཁེལ་ཡོད་ཅིང་། མཚོ་སྔོན་གློག་དྲས་ཉིན་རེའི་གློག་བཀོལ་ཚད་སྟོང་ཝ་ཁྲི932.4ཡིན་པ་དང་། དེའི་ཁྲོད་ཆེས་མཐོ་བའི་བཀོལ་ཚད་ལོ་སར་ཚེས་གསུམ་ཡིན་ཞིང་། སྟོང་ཝ་ཁྲི985.4ལ་སླེབས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་བཀོད་སྒྲིག་དང་། ཚན་རིག་གི་སྡེབ་སྒྲིག་བྱས་ནས། གློག་དྲ་རྒྱུན་ལྡན་གཏན་འཇགས་རྒྱུན་འཁྱོངས་བྱས་པ་དང་། གློག་ཤུགས་མཁོ་འདོན་རྒྱུན་ལྡན་ཡིན། དེའི་སྐབས་སུ། མཚོ་སྔོན་གློག་དྲས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནུས་ཁུངས་གསར་བར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཕྱི་ནང་དང་ས་ཁོངས་ནང་ཁུལ་གྱི་ནུས་ཤུགས་སྔོག་འདོན་བྱས་ནས། དྲ་བ་ཡོངས་ཀྱི་ནུས་ཁུངས་མང་པོར་མཐུན་འགྲིག་ཚོད་འཛིན་དང་། ལུགས་མཐུན་སྒོས་གློག་འདོན་འཕྲུལ་ཆས་ཀྱི་ཤུགས་འདོན་དང་འཁོར་རྒྱུག་རྣམ་པ་ལག་བསྟར་བྱས་ཏེ། ནུས་ཁུངས་གསར་བར་འགན་སྲུང་བྱས་པ་དང་།  ཧུར་ཐག་གིས་ཞིང་ཆེན་ཕྱིའི་ཚོང་ར་རྒྱ་བསྐྱེད་དེ། ཟླ2གཉིས་པར་བསྡོམས་པས་ནུས་ཁུངས་གསར་བའི་གློག་འདོན་ཚད་སྟོང་ཝ་ཁྲི4575ལ་སླེབས། 

2020ལོའི་ལོ་མཇུག་བར་དུ། མཚོ་སྔོན་ནུས་ཁུངས་གཙང་མའི་འཕྲུལ་ཆས་སྒྲིག་སྦྱོར་སྤྱིའི་གཞི་ཁྱོན་སྟོང་ཝ་ཁྲི3638ཡིན་པ་དང་། མཚོ་སྔོན་མཚོ་ལྷོ་དང་། མཚོ་ནུས་ས་ཁུལ་གྱི་ནུས་ཁུངས་གཙང་མའི་འཕྲུལ་ཆས་སྒྲིག་སྦྱོར་བྱེད་ཚད་སོ་སོར་སྟོང་ཝ་ཁྲི1841དང་སྟོང་ཝ་ཁྲི1043ལ་སླེབས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།