བཀྲ་ཤིས་རྡོ་རྗེས་གླུ་དབྱངས་དང་ཞབས་བྲོའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཟློས་གར་ཚོགས་པ་འཛུགས་དགོས་པའི་གྲོས་གཞི་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེས་ཀྱིས་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁུལ་དང་རྫོང་སོགས་རིམ་པ་སོ་སོའི་རིག་རྩལ་ཚོགས་པར་བརྟེན་ནས། གླུ་དབྱངས་དང་ཞབས་བྲོའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཟློས་གར་ཚོགས་པ་འཛུགས་དགོས་པ་དང་། དེ་ལྟར་བྱས་ན་ཐུན་མོང་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཐུན་པ་མ་ཟད། རྒྱུན་འཛིན་ལ་ཕན་པ་དང་། ནོར་སྲིད་ཀྱི་འགྲོ་སོང་ཡང་གྲོན་ཆུང་བྱེད་ཐུབ་ཟེར།  ། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།