མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པོའི་ཚེས2ཉིན།   མཚོ་སྔོན་ཞིང་ཆེན་གྱིས(མཚོ་སྔོན་དང་ཀན་སུའུ་ས་མཚམས)ནས་ཧེ་ཡན(ནུབ་མཚོ)རིམ་པ་དང་པོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་གྱི་སྤྱིའི་རིང་ཚད་ལ་སྨི11151.5ཡོད་པའི་ཧུའུ་ཀྲུའུ་བྱང་རིའི་ཕུག་ལམ་འཛུགས་སྐྲུན་ཡུལ་དངོས་སུ། རླངས་འཁོར་འདུར་རྒྱུག་དང་། ལས་བཟོ་བས་ལས་ལ་བྲེལ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། 

“ད་ལྟ་ལས་བཟོ་བ་མི729ཚང་མ་ཡུལ་དངོས་སུ་སོང་སྟེ། བྱང་རིའི་ཕུག་ལམ་གྱི་ཕྱིར་འགྲོ་ས4ནས་དུས་མཉམ་དུ་ལས་བཟོ་བྱེད་བཞིན་ཡོད་ཅིང་། ཉིན་རེར་སྨི6ནས་སྨི8ཀྱི་མྱུར་ཚད་ཀྱིས་མདུན་དུ་བསྐྱོད་བཞིན་ཡོད”།

སྤྱིའི་རིང་ཚད་ལ་སྤྱི་ལེ216ཡོད་པའི་ཅ་ཏེན་ནས་ཧེ་ཡན་བར་གྱི་གཞུང་ལམ་ནི་རང་ཞིང་གི་འགྲིམ་འགྲུལ་གཙོ་གནད་བཟོ་སྐྲུན་ཡིན་ཞིང་། གཞུང་ལམ་འདི་འཛུགས་སྐྲུན་ལེགས་འགྲུབ་བྱས་རྗེས། ཧུའུ་ཀྲུའུ་དང་། ཏ་ཐུང་། ཧེ་ཡན་གསུམ་སྦྲེལ་མཐུད་བྱེད་ཐུབ་པ་མ་ཟད། ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང་། ཟི་ལིང་ནས་ཏ་ཐུང་བར་གྱི་མྱུར་བགྲོད་གཞུང་ལམ། པེ་ཅིང་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ། ཧོང་ཀྲུང་ནས་ཟི་ལིང་བར་གྱི་རིམ་པ་དང་པོའི་གཞུང་ལམ་དེ་ཟི་ལིང་གྲོང་ཁྱེར་དང་སྦྲེལ་ཡོད་ཅིང་། དེ་ཟི་ལིང་ལྟེ་གནས་ཡིན་པའི་དཔལ་འབྱོར་ཁུལ་ཁྲོད་དུ་བཅུག་ནས། ས་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས། 

ད་ལོ་ནི་ཞིང་ཆེན་ཡོངས་ཀྱི་“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་མགོ་རྩོམ་པའི་ལོ་ཡིན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ལེགས་པོ་ཞིག་རྩོམ་པ་དང་། མཇུག་ལེགས་པོ་ཞིག་སྒྲིལ་བ་མངོན་འགྱུར་བྱ་ཆེད། རང་ཞིང་གིས་ད་ལོར་འགྲིམ་འགྲུལ་གཏན་འཇགས་དངུལ་གཏོང་མ་དངུལ་སྒོར་དུང་ཕྱུར240ལེགས་འགྲུབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཞུང་ལམ་རྨང་གཞི་སྒྲིག་ཆས་དྲ་རྒྱ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འགྲིམ་འགྲུལ་གྱི་སྟོབས་ཤུགས་གཞོགས་འདེགས་མཁོ་འདོན་བྱེད་རྒྱུ་རེད།

དེ་ལས་གཞན། ཟླ3པའི་ཚེས3ཉིན་ནས་ཟླ4བའི་ཚེས9ཉིན་བར། ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་ད་དུང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང6གསར་དུ་བཙུགས་ཏེ། ཐིང་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་གཞི་སོ་སོར་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་ནས་ལས་གཞི་ལས་མགོ་བསྐྱར་ཚུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།