ལི་ཅེ་ཞང་གིས་ཆབ་སྲིད་ལངས་ཕྱོགས་ཇེ་མཐོར་བཏང་ནས་བྱ་བའི་འགན་འཁྲིར་ཤུགས་བསྣན་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཁག་བགོས་དོ་དམ་སྡེ་ཁག་གི་ཆེད་དོན་ཚོགས་འདུར་མགོ་འཛིན་གནང་ནས་ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་ཐེངས་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་སྐོར་ཞིབ་ལན་སློག་གནད་དོན་དག་ཐེར་ལས་དོན་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་དང་། ཆབ་སྲིད་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། བྱ་བའི་འགན་འཁྲིར་ཤུགས་སྣོན་པ། སྐོར་ཞིབ་ལན་སློག་གནད་དོན་དག་ཐེར་དོན་འཁྱོལ་ལ་ནན་གྱིས་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཅེ་ཞང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། སྐོར་ཞིབ་གནད་དོན་དག་ཐེར་བཟང་པོ་བྱེད་པའི་བརྒྱུད་རིམ་ལ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཀྱི་བརྒྱུད་རིམ་དུ་འགྱུར་བར་བྱེད་པ། མ་ལག་རང་བཞིན་གྱི་འདུ་ཤེས་མཐའ་འཁྱོངས་སྒོས“མཉམ་འདྲེས་བཞིའི”བླང་བྱ་གཞིར་བཟུང་སྐོར་ཞིབ་དག་ཐེར་བྱེད་པའི་རྒྱུན་གཏན་གྱི་ལས་དོན་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་བ། གོམ་སྟབས་བཟང་པོ་སྤོས་ནས་སྦྲེལ་མཐུད་ནུས་ལྡན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་བཅས་དང་ནུས་པ་ལྡན་པའི་ཟུང་འབྲེལ་བྱས་ཏེ་སྤྱི་འདོམས་ཞིབ་འཇུག་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་ང་དང་། ཞིང་ཆེན་ཨུ་ལྷན་གྱིས་གཏན་འབེབས་བྱས་པའི《དག་ཐེར་ཇུས་གཞི》དམ་དུ་བཟུང་ནས་འགན་འཁྲི་ཁ་གསལ་བཟོ་བ་དང་། དག་ཐེར་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་རེ་རེ་བཞིན་བཟོས་ཏེ། འགུལ་རྣམ་དོ་དམ་ལག་བསྟར་དང་། རྩིས་ཐོ་བཟོ་བར་སྐུལ་འདེད། རྩིས་ཐོ་བཀལ་ནས་ཐོ་བསུབ་པ་བཅས་བྱས་ཏེ་དོན་དངོས་རྟོགས་པ་དང་། བྱ་སྤྱོད་ངོ་མ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་ཚང་མ་དོན་འཁྱོལ་ཐུབ་པའི་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།