མཚོ་སྔོན་གྱི་ནུས་ཁུངས་གསར་བའི་གློག་ཤུགས་དེ་རྒྱལ་ཡོངས་ཀྱི་ཟླ་རེའི་གློག་འདོན་ཚད་ཀྱི་དང་པོར་གྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྒྱལ་ཁབ་གློག་འདོན་དྲ་བ་མཚོ་སྔོན་གློག་ཤུགས་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧྥང་པའོ་རྨིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་གྱི་གློག་དྲའི་ཟླ2བར་ནུས་ཁུངས་གསར་བའི་གློག་འདོན་ཚད་དེ་ཨང་དང་པོ་གྱུར་པས། མཚོ་སྔོན་གྱི་ནུས་ཁུས་གསར་བའི་འཕེལ་རྒྱས་སྐས་རིམ་གསར་བར་སླེབས་པ་མཚོན་ཞིང་། མཚོ་སྔོན་ཀྲུང་གོའི་ནུས་ཁུངས་གསར་བའི་གློག་ཤུགས་དེ་གློག་ཁུངས་ཨང་དང་པོ་ཡིན་པའི་ཞིང་ཆེན་ཐོག་མར་གྱུར་ཡོད།

མཚམས་སྦྱོར་ལྟར་ན། ཟླ2པར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གློག་འདོན་ཚད་བསྡོམས་པས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར65.54ལ་སླེངས་པ་དང་། དེའི་ནང་ཆུ་ཤུགས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར23.12ཟིན་པས་སྤྱིའི་གློག་འདོན་ཚད་ཀྱི35.27%ཟིན་ཡོད། ནུས་ཁུངས་གསར་པའི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར26.27ལ་སླེབས་ཡོད་པས། སྤྱིའི་གློག་འདོན་ཚད་ཀྱི40.09%ཟིན་ཡོད། དུས་མཚུངས་ལས43.99%འཕར་ཡོད། ནུས་ཀུངས་གསར་བའི་གློག་འདོན་ཚད་དེ་ཆུ་ཤུགས་གློག་འདོན་ལས་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གློག་འདོན་ཐོན་ཁུངས་ཨང་དང་པོར་གྱུར་ཡོད།    

ཟླ2པར་དཔྱིད་གསར་དུས་ཆེན་དང་ཁེལ་ཡོད་པ་དང་། མཚོ་སྔོན་གློག་དྲའི་ཉིན་རེའི་ཆ་སྙོམས་གློག་སྤྱོད་ཐེག་ཚད་སྟོང་ཝ་ཁྲི932.4ཟིན་ཞིང་། ཐེག་ཚད་ཆེས་མཐོ་ཤོས་ཀྱི་ཉིན་དེ་ཟླ1པོའི་ཚེས3ཉིན་ཡིན་པ་དང་གློག་སྟོང་ཝ་ཁྲི985.4ཟིན་ཡོད། དེའི་རིང་མཚོ་སྔོན་གློག་དྲས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ནུས་རྒྱུ་གསར་པ་བཀོལ་སྤྱོད་དང་ཤོང་བར་བྱེད་པ་སྐུལ་འདེད་བཏང་བས་འོད་ནུས་ལས་བྱུང་བའི་གློག་འཕར་སྣོན་བྱས་ཏེ་གློག་འདོན་ཚད་སྟོང་ཝ་ཁྲི475སླེབས་ཡོད། ད་ཡོད་དངོས་ཟོག་ཉོ་ཚོང་དང་ཞིང་ཆེན་བརྒལ་བའི་སྙོམ་སྒྲིག་དང་ཚོད་འཛིན་ཁུལ་གྱི་བརྗེ་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ཆེན་ཕྱིའི་ཁྲོམ་ར་རྒྱ་བསྐྱེད་དེ་ཟླ2པར་རིམ་རྩིས་བྱས་ན། ནུས་རྒྱུ་གསར་བའི་གློག་སྔར་བས་སྟོང་ཝ་ཁྲི4575མང་དུ་བཏོན་ཡོད། 

2020ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་མཐོ་གནོན་ཆེན་པོའི་བགྲོད་ལམ་ཐོག་མ་སྟེ། མཚོ་སྔོན་ནས་ཧོ་ནན་བར་གྱི་སྟོང་ཧྥུའུ±800ཡི་མཐོ་གནོན་ཆེན་པོའི་ཐད་རྒྱུག་བཟོ་སྐྲུན་སྐྲུན་ནས་སྤྱོད་མགོ་ཚུགས་པ་དེས། སྟོང་ཝ་ཁྲི861ཟིན་པའི་ནུས་རྒྱུ་གསར་པ་བདེ་བླག་ངང་དྲ་སྦྲེལ་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་། དྲ་སྦྲེལ་གཞི་ཁྱོན་གྱིས་མཚོ་སྔོན་གྱི་ལོ་འཁོར་གྱི་ནུས་རྒྱུ་གསར་པ་ཐོན་སྐྱེད་བྱེད་པའི་ཟིན་ཐོ་གས་བར་སྐྲུན་པ་དང་། ནུས་རྒྱུ་གསར་བའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས60%ལ་མང་དུ་ཕྱིན། 2020ལོའི་ལོ་མཇུག་བར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་སྤྱིའི་གཞི་ཁྱོན་སྟོང་ཝ་ཁྲི3638ཟིན་པ་དང་། མཚོ་སྔོན་མཚོ་ལྷོ་དང་མཚོ་ནུབ་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སོ་སོར་སྟོང་ཝ་ཁྲི1841དང་སྟོང་ཝ་ཁྲི1043ཟིན། སྟོང་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ནུས་རྒྱུའི་རྟེན་གཞི་ཁྱོན་ཡོངས་ནས་སྐྲུན་ཚར་བ་དང་། མཚོ་སྔོན་རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ལས་རྟེན་གཞི་གསར་བ་གལ་ཆེན་ཞིག་ཏུ་གྱུར་བཞིན་ཡོད། །    

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།