ཟི་ལིང་གྲོང་ཁྱེར་གྱིས་བཅའ་སྡོད་ལམ་ལུགས་དང་གཞི་ཁྱོན་ཆུང་བའི་སློབ་གྲྭ30འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན་གསར་འགོད་པས2021ལོའི་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་ལས་དོན་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་ཞིང་སྡེའི་སློབ་གསོ་དར་རྒྱས་ལ་རམ་འདེགས་བྱེད་པའི་འཆར་གཞི་ལག་བསྟར་དང་། བཅའ་སྡོད་ལམ་ལུགས་དང་གཞི་ཁྱོན་ཆུང་བའི་སློབ་གྲྭ30འཛུགས་སྐྲུན་བྱས་ནས། ཞིང་སྡེའི་སློབ་གྲྭའི་མཁྲེགས་ཆས་ཀྱི་ཞན་ཆ་གསབ་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱིས་ཞིང་སྡེའི་སློབ་གསོའི་རྣམ་གྲངས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་སློབ་སྔོན་སློབ་གསོ་གོང་དུ་སྤེལ་བའི་འཆར་འགོད་གཏན་འབེབས་བྱ་རྒྱུ་རེད། གོ་རིམ་ལྡན་པའི་ངང་དབུལ་ཐར་འགག་སྒྲོལ་དང་ཞིང་སྡེ་དར་རྒྱས་འབྲེལ་མཐུད་བྱེད་པར་ཧར་ཐག་གིས་སྐུལ་འདེད་གཏོང་བ། ཞིང་སྡེའི་སློབ་གྲྭའི་གོ་རིམ་གྱི་ཞན་ཆ་ལེགས་བཅོས་དང་ནུས་པ་ཇེ་ཆེར་གཏོང་བའི་ལས་གཞི་གཙོ་གནད་དུ་འཛིན་པ། ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི“རིགས་གཉིས་ཀྱི་སློབ་གྲྭའི”ལུས་རྩལ་དང་མེ་ཟོན་སྒྲིག་ཆས་ཀྱི་སྤུས་ཚད་མཐོར་འདེགས་དང་ཚད་གཞི་ལོན་པ་དམ་འཛིན་བྱས་ནས་གྲོང་ཁྱེར་དང་ཞིང་སྡེའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། སྡེ་ཚོགས་ཅན་གྱི་སློབ་གཉེར་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་སྡེའི་སློབ་གྲྭས་དོ་དམ་ཚད་ལྡན་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་། སློབ་ཁྲིད་སློབ་དཔྱོད་དང་། ཀུན་སྤྱོད་སློབ་གསོའི་རིག་གནས་སོགས་གནད་ཆེའི་བྱ་བར་དམིགས་པ། སྡེ་ཚོགས་ཅན་གྱི་སློབ་གཉེར་བཅོས་བསྒྱུར་ལ་དོ་དམ་མཉམ་འདྲེས་དང་སྐུལ་འདེད་གཏོང་བའི་བཟོ་སྐྲུན་དང་། ཞིང་སྡེའི་སློབ་གསོའི“གྲུབ་ཆ་གཙོ་བོ་གསུམ”གྱི་ཡར་ཐོན་བཟོ་སྐྲུན། རྫོང(ཁུལ)ཁོངས་ཀྱི་སྡེ་ཚོགས་ཅན་གྱི་སློབ་གཉེར་རྒྱ་སྐྱེད་གཏོང་བའི་བཟོ་སྐྲུན་སོགས་ལག་བསྟར་བྱེད་པ། གྲོང་ཁྱེར་དང་ཞིང་སྡེའི་སློབ་གསོ་དོ་མཉམ་ཅན་དང་གཅིག་དྲིལ་ཅན་ལ་སྔར་ལས་སྐུལ་འདེད་གཏོང་བ། གཞིས་སྲུང་བྱིས་པར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་པ། “བརྩེ་སེམས་གཅིག་བསྡུས་དང་བརྩེ་སེམས་མཉམ་སྤྱོད། བརྩེ་སེམས་བརྒྱུད་སྤྲོད། གཅེས་སྐྱོང་སྲུང་སྐྱོང”བཅས་ཀྱི་བྱེད་སྒོ་རིགས་བཞི་དམ་འཛིན་དང་། བྱིས་པར་བརྩེ་སེམས་བཅངས་ནས་འཚར་ལོངས་འབྱུང་བར་ལྟ་རྟོག་བྱེད་པ”ཞེས་པའི་གཞིས་སྲུང་བྱིས་པར་བརྩེ་སེམས་སྦྱིན་པའི་སྤུས་རྟགས་ལས་གཞི་གཏིང་ཟབ་ཏུ་སྤེལ་ནས་ཐབས་ལམ་མང་པོ་སྤྱད་དེ་གཞིས་སྲུང་བྱིས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།