​མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ལོ་ཧྲིལ་བོར་ཁྱབ་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་ལོ་རྒྱུས་ལ་སྔར་ལས་ལྷག་པར་གཅེས་སྤྲས་བྱེད་པ་དང་ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་གི་ལོ་རྒྱུས་དྲིལ་བསྒྲགས་བྱེད་པ། ཏང་གི་ལོ་རྒྱུས་བཀོལ་སྤྱོད་ལེགས་པོ་བྱེད་པ། དོན་དངོས་ཀྱིས་ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་ཀྱི་ངར་ཤུགས་འཕེལ་བར་བྱས་ནས་ཁ་ཕྱོགས་གསལ་བ་དང་། ཡིད་ཆེས་བརྟན་པོ། སྟོབ་ཤུགས་གཅིག་སྒྲིལ། ཤེས་རབ་ཀྱི་བློ་སྒོ་འབྱེད་པ། སྤུས་ཀ་སྦྱོར་བརྡར་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བསམ་བློ་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློར་བརྟེན་ནས་དོན་དངོས་སྒྲུབ་པར་སྐུལ་འདེད་གཏོང་བ། དོན་དངོས་སྒྲུབ་པར་བརྟེན་ནས་བྱེད་ཐབས་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བ་བཅས་བྱེད་དགོས་པར་བསྟན། 

ཝང་ཅན་ཅུན་གྱིས་ཀྲུང་དབྱང་གི་བརྡ་ཁྱབ་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད། གཞི་གཅིག་ལག་བསྟར་བཅས་བྱེད་དགོས། དམིགས་ཚད་དང་བླང་བྱ་བརྟན་པོར་ཁོང་དུ་ཆུད་པ་བྱས་ནས་ལོ་རྒྱུས་ལ་སློབ་སྦྱོང་དང་རིགས་པའི་གཞུང་ལུགས་ཀྱིས་གུང་ཁྲན་ཏང་མིའི་བསམ་བློའི་ཁྲག་རྒྱུན་གཅིག་ཏུ་གནས་པ་བྱེད་པ་དང་། ལོ་རྒྱུས་ལ་སློབ་སྦྱོང་དང་ལོ་རྒྱུས་ལ་ཡིད་ཆེས། དད་སེམས་དང་ཡིད་ཆེས་བཅས་ཇེ་བརྟན་དུ་བཏང་ནས། “རྒྱལ་ཁམས་ནི་མི་དམངས་དང་མི་དམངས་ནི་རྒྱལ་ཁམས་ཡིན”ཞེས་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་མཐོང་ཆེན་བྱེད་པ་བརྟན་སྲུང་བྱེད་དགོས། ལོ་རྒྱུས་ལ་སློབ་སྦྱོང་དང་ལོ་རྒྱུས་ལ་ཧུར་བརྩོན་བྱེད་པ་གཙོ་བོར་བཟུང་ནས་འཐབ་རྩོད་ཀྱི་སྙིང་སྟོབས་འཕེལ་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས། སློབ་སྦྱོང་གི་ནང་དོན་གནད་དུ་འཁེལ་བར་དམིགས་པ་དང་། སློབ་སྦྱོང་གི་དཔེ་དེབ་བསྡུར་བ། མ་ཡིག་ཀློག་པ། མ་རྩོམ་སློབ་པ། རྩ་བའི་རིགས་པ་ཤེས་པ་བཅས་བྱས་ནས། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་གཙོ་རྒྱུགས་ཀྱི་ངོ་བོ་ཡང་དག་པར་ཁོང་དུ་ཆུད་པ། ཐུན་མོང་གིས་སློབ་སྦྱོང་དང་སྒེར་གྱིས་རང་སྦྱོང་བྱེད་པ་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ནན་ཏན་གྱིས་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཆེད་དོན་སློབ་སྦྱོང་བྱེད་པར་འཇོན་ཐང་མངོན་གསལ་དོད་པ། ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པ་མི་དང་ཉེ་བར་བཅར་བ། ཆེད་དོན་གསོ་སྦྱོང་དངོས་ཡོད་དང་འཚམ་པ། ལག་ལེན་བྱེད་སྒོའི་ཐོག་གནས་ཚུལ་ལ་དམིགས་པ། རྩ་འཛུགས་ཀྱི་འཚོ་བ་ཁོང་དུ་ཆུད་པ་བཅས་བྱས་ནས་ཕན་འབྲས་ཐོན་པར་ནན་ཏན་གྱིས་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། དུས་རིམ་གཉིས་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱས་ཏེ། དུས་རིམ་རང་བཞིན་གྱི་སློབ་སྦྱོང་དང་སློབ་གསོའི་གཙོ་གནད་བྱ་བ་དམ་འཛིན་བྱེད་དགོས་ལ། དུས་རིམ་སྔ་རྗེས་གཉིས་གཅིག་གྱུར་གྱིས་འཆར་འགོད་བཟང་པོ་དང་། རྒྱུན་མཐུད་བཟང་པོ། འབྲེལ་མཐུད་བཟང་པོ་བཅས་བྱས་ནས་སློབ་སྦྱོང་དང་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་མངོན་ཐབས་བྱེད་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོའི་ནང་དོན་གལ་ཆེན་དུ་བཟུང་ནས་ཏང་ཡོན་གྱི་འདུ་ཤེས་རང་རྟོགས་བརྟན་པོ་འཛུགས་པ་དང་། ཕུགས་བསམ་དང་དད་སེམས་རང་རྟོགས་ཇེ་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་ལ་རང་རྟོགས་ངང་ཤུགས་སྣོན་པ། གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་རང་རྟོགས་གྱིས་བརྟན་སྲུང་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུས་ཡན་གྱིས་མགོ་འཛིན་བྱས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་ཡག་པོ་སྤེལ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་འཛུགས་བཟང་པོ་དང་ལག་བསྟར་བཟང་པོ་བྱེད་དགོས། འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས་རིམ་པ་ཁག་གི་ཏང་ཨུས(ཏང་ཙུའུ)དུས་ལྟར་མགོ་ཁྲིད་སྒྲིག་གཞི་དང་བྱ་བའི་སྒྲིག་གཞི་འཛུགས་པ་དང་། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་བ་དང་། མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས་གཞི་གཅིག་སྒོས་སྐུལ་འདེད་གཏོང་དགོས། བཀོད་སྒྲིག་ཞིབ་ཚགས་བཟོ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་ཚད་བླང་བྱ་དང་། སློབ་སྦྱོང་གི་ནང་དོན། གཙོ་གནད་ལས་འགན་བཅས་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱས་ནས། བྱེད་ཐབས་གསར་གཏོད་ལ་མཐོང་ཆེན་བཅས་བྱས་ཏེ་སློབ་སྦྱོང་དང་སློབ་གསོ་གོ་རིམ་ལྡན་པ་དང་། སྐུལ་འདེད་ཀྱི་ནུས་པ་ལྡན་པ། དོན་དངོས་དང་འཚམ་པ། ཁྱད་ཆོས་མངོན་པ་བཅས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིང་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཞུགས། ཚོགས་འདུས་བརྙན་ལམ་གྱི་རྣམ་པ་སྤྱད་ནས་འཚོགས་ཤིང་གྲོང་ཁྱེར་སོ་སོ(ཁུལ)དང་། རྫོང(གྲོང་ཁྱེར།ཆུས)བཅས་སུ་ཡན་ལག་ཚོགས་ར་དང་སྦྲེལ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།