《མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་མཛེས་ལྡན་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ3པའི་ཚེས1ཉིན《མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་མཛེས་ལྡན་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱས། དེས་མཐོ་སྒང་མཛེས་ལྡན་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། 

《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཤིང། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་གཙོ་བོར་འཛིན་པའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཤིང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མཚོ་སྔོན་གྱི་མཁར་གྲོང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་པ་དང་ནུབ་རྒྱུད་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ངོ་བོར་མཐོང་ཆེན་བྱས་ནས། མཛེས་སྡུག་བླ་སྲོག་ཏུ་འཛིན་པ་དང་། མཁར་གྲོང་གཞི་རྟེན་དུ་བྱེད་པ། དཔེ་སྟོན་གོ་སྐབས་སུ་བྱེད་པ། མཁར་གྲོང་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ནུས་པ་ཆེ་རུ་གཏོང་བ་དང་མཁར་གྲོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་ཀྱིས་ཁྲིམས་ལྟར་མཐོ་སྒང་གི་མཛེས་ལྡན་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

ཤེས་རྟོགས་བྱུང་བ་ལྟར་ན། 《སྲོལ་ཡིག》དེར་ཁྱོན་ལེའུ6དང་དོན་ཚན54ཡོད་པ་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་ཉེ་ཆར《སྲོལ་ཡིག》དྲིལ་བསྒྲགས་ལས་དོན་ལ་དམིགས་ནས་སྲོལ་ཡིག་ལག་བསྟར་ཇུས་གཞི་དང་དྲིལ་བསྒྲགས་ལས་དོན་ཇུས་གཞི་བཟོས་ཏེ《སྲོལ་ཡིག》ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་རྒྱུར་ཁག་ཐེག་བྱས་ཡོད། 《སྲོལ་ཡིག》གིས་སྣེ་ཁྲིད་དེ《མཐོ་སྒང་མཛེས་ལྡན་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིའི》ཞིང་ཆེན་རིམ་པའི་སྡེ་ཁག་གི་ལས་བགོས་སྔར་བས་ལེགས་སྒྲིག་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་འཛུགས་སྐྲུན་རྣམ་གྲངས་དང་མ་དངུལ་ཁག་གཅིག་བཀོད་སྒྲིག་བྱས་ཏེ། ལས་ཀའི་འགུལ་སྐྱོད་རིགས8དང་བཟོ་སྐྲུན་རིགས་ཆེན་པོ11དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མཐོ་སྒང་མཛེས་ལྡན་མཁར་གྲོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་བརྟག་དཔྱད་དང་། རྣམ་གྲངས་གྲུབ་པ། རྣམ་གྲངས་ལག་བསྟར། མ་དངུལ་དོ་དམ། ཉེན་ཁ་དོ་དམ་ཚོད་འཛིན། ལས་རྗེས་ཞིབ་དཔྱད་སོགས་ཀྱི་ལས་ཀའི་ལམ་ལུགས་གང་མགྱོགས་ངང་བཟོས་ནས་མཐོ་སྒང་མཛེས་ལྡན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ལམ་ལུགས་མ་ལག་ཅིག་ཆགས་པར་བྱས་ཡོད།  དུས་མཚུངས་སུ《སྲོལ་ཡིག》ཚད་གཞིར་བཟུང་ནས། སྔོན་ལ་ཚོད་ལྟ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚོད་ལྟའི་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་རྡལ་བརྟག་དཔྱད་ཚོད་སྐོར་ལས་དོན་སྔོན་ལ་སྤེལ་ནས་གྲོང་ཁྱེར་དང་གྲོང་རྡལ་བརྟག་དཔྱད་ཚོད་སྐོར་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ཆ་འཕྲིན་མ་ལག་འཛུགས་དགོས། 

གཞན་ཡང་། ཚོད་ལྟ་ས་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་ལ་གང་མགྱོགས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་ནས་ལག་བསྟར་བྱེད་དགོས། ན་གོར་མོ་གྲོང་ཁྱེར་གྱིས་འཐབ་ཇུས་ངེས་གནས་སྔར་བས་ཁ་གསལ་བཟོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིག་ལྡན་གྲོང་ཁྱེར་བསྐྲུན་པར་མཛུབ་ཁྲིད་བྱེད་པ། རེབ་གོང་གྲོང་ཁྱེར་གྱིས་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཁོར་ཡུག་བཅོས་སྒྲིག་དང་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་ངང་ཇེ་ལེགས་སུ་གཏོང་བ། ཆི་ལེན་རྫོང་གིས“གྲོང་ཁྱེར་གཉིས་གསོ”ཡི་ཚོད་ལྟའི་ལས་དོན་དང་ཁྱད་ལྡན་ཡུལ་སྐོར་གྱི་ཁམས་གསོའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། 《མཚོ་སྔོན་པོའི་མཐའ་འཁོར་གྱི་མཐོ་སྒང་མཛེས་ལྡན་མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འཐབ་ཇུས》དོན་འཁྱོལ་བཅས་བྱས་ཏེ་མཚོ་སྐོར་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་དུ་སྔོན་ལ་ཚོད་ལྟའི་ས་ཁུལ་དུ་སྤྱི་ཁྱབ་བཟོ་བཀོད་པའི་ལམ་ལུགས་འཛུགས་དགོས། གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་ཁག་ཅིག་ཇུས་འགོད་དང་ལག་བསྟར་ཡག་པོ་བྱེད་དགོས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།