མཚོ་ཤར་གྲོང་ཁྱེར་དངུལ་རྩའི་བྱ་བའི་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལིའི་དབྱིན་ཏི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་དཔྱོད་རྟོག་ཞིབ་དང་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་དངུལ་རྩའི་བྱ་བའི་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལིའི་དབྱིན་ཏི་ཡིས་སྒྲིག་འགལ་ཁྲིམས་འགལ་བྱས་ཏེ། ད་ལྟ། མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་དཔྱོད་རྟོག་ཞིབ་དང་ལེན་བྱེད་བཞིན་པའི་སྒང་རེད།

ལིའི་དབྱིན་ཏི་མཚམས་སྦྱོར་མདོར་བསྡུས། ལིའི་དབྱིན་ཏི། ཕོ། རྒྱ་རིགས། 1967ལོའི་ཟླ9བར་སྐྱེས་པ་དང་། མཚོ་སྔོན་ཕིན་ཨན་གྱི་མི་ཡིན། 1990ལོའི་ཟླ8པར་བྱ་བར་ཞུགས་ཤིང་། 1994ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། 1990ལོའི་ཟླ8པ་ནས1996ལོའི་ཟླ12བར་དུ། ཕིན་ཨན་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཡིན་ཞིང་། 1996ལོའི་ཟླ12ནས1998ལོའི་ཟླ6པའི་བར་དུ། མཚོ་ཤར་ས་གནས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁོ་ཡོན་དང་ཆ་འཕྲིན་ཚན་ཁག་གི་ཀྲུའུ་རིན་གཞོན་པའི་ཁོ་ཡོན་ཡིན། 1998ལོའི་ཟླ6པ་ནས2001ལོའི་ཟླ7པའི་བར། མཚོ་ཤར་ས་གནས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཚན་ཁག་གི་ཁོ་ཀྲང་གཞོན་པ་ཡིན། 2001ལོའི་ཟླ7པ་ནས2002ལོའི་ཟླ3པའི་བར། མཚོ་ཤར་ས་གནས་ཨུ་ཡོན་ལྷན་ཁང་བརྡ་འཕྲིན་ཚན་ཁག་གི་ཁོ་ཀྲང་གཞོན་པ། 2002ལོའི་ཟླ3པ་ནས2007ལོའི་ཟླ10བའི་བར། མཚོ་ཤར་ས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡིན། 2007ལོའི་ཟླ10བ་ནས2010ལོའི་ཟླ8པའི་བར། མཚོ་ཤར་ས་ཁུལ་བསྡོམས་རྩིས་ཅུས་ཁྲུའུ་རིམ་པ་གཞོན་པའི་ལས་བྱེད་པ། 2010ལོའི་ཟླ8པ་ནས2013ལོའི་ཟླ9བའི་བར། མཚོ་ཤར་ས་ཁུལ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ། 2013ལོའི་ཟླ9བ་ནས2015ལོའི་ཟླ5བའི་བར། མཚོ་ཤར་གྲོང་ཁྱེར་བསྡོམས་རྩིས་ཅུས་ཅུས་ཀྲང་གཞོན་པ། 2015ལོའི་ཟླ5བ་ནས2019ལོའི་ཟླ2བའི་བར། མཚོ་ཤར་གྲོང་ཁྱེར་བསྡོམས་རྩིས་ཅུས་ཁྲུའུ་རིམ་པ་གཞོན་པའི་ལས་བྱེད།(དེའི་སྐབས་སུ། མཚོ་ཤར་ཚན་རྩལ་མ་དངུལ་མཉམ་འདྲེས་གཏའ་འཇོག་ཚད་ཡོད་ཀུང་སིའི་ལས་འཛིན་མགོ་གཙོ་དང་སྤྱི་གཉེར་བའི)འགན་ཁུར། 2019ལོའི་ཟླ2པ་ནས2019ལོའི་ཟླ11བའི་བར། མཚོ་ཤར་གྲོང་ཁྱེར་དངུལ་རྩའི་བྱ་བའི་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཡིན། 2019ལོའི་ཟླ11པ་ནས་ད་ལྟའི་བར། མཚོ་ཤར་གྲོང་ཁྱེར་དངུལ་རྩའི་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ། རིམ་པ་གསུམ་པའི་རྟོག་ཞིབ་པའི་འགན་ཁུར་ཡོད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།