མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་ཆེད་དོན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས《སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གྱིས་འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་འབག་བཙོག་འགོག་བཅོས་དང་ཉ་ལས་བྱ་བའི་ཆེད་དོན་བྱ་འགུལ་སྐོར་གྱི་ལག་བསྟར་བྱ་ཐབས》དཔར་འགྲེམ་བྱས་པ་དང་། དམིགས་ཡུལ་ནི་འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱས་ཏེ། འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་འབག་བཙོག་འགོག་བཅོས་དང་ཉ་ལས་བྱ་བའི་ཞབས་ཞུར་རོགས་འདེགས་བྱ་རྒྱུ་དེ་ཡིན། 

《ལག་བསྟར་བྱ་ཐབས》ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་སྡེ་ཁག་གིས་འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་བྱ་བར་གཅིག་གྱུར་སྐུལ་འདེད་བྱེད་པ་དང་། ཏན་ཏིག་གིས་འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། འབག་བཙོག་འགོག་བཅོས་སོགས་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ཁྲོད་ཀྱི་སྤྱི་ཕན་ཞུ་གཏུགས་གྱོད་དོན་སྒྲུབ་པ་དང་། དུས་ཐོག་ཏུ་དམར་ཁོག དམར་ཆུ། ཆུ་དམར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་ཆུའི་གྲོག་རོང་ཆེན་མོ་བཅས་གནས4ཡི་རྒྱལ་ཁབ་རིམ་པའི་ཉ་རིགས་ཆུ་ཐོན་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་དང་དོ་དམ་གྱི་སྤྱི་ཕན་ཞུ་གཏུགས་གྱོད་དོན། མཁར་གྲོང་འཚོ་བར་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད། ཁེ་ལས་བཟོ་གྲྭ་སོགས་ཀྱི་འབག་བཙོག་འགོག་བཅོས། དེ་མིན་འབག་བཙོག་ཕྱིར་གཏོང་བྱེད་ས་དང་ཆུ་ལེན་སའི་བཀོད་སྒྲིག་ལུགས་མཐུན་མིན་པ་དང་། བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་འཁོར་རྒྱུག་ཚད་ལྡན་མིན་པའི་སྤྱི་ཕན་ཞུ་གཏུགས་གྱོད་དོན་བྱ་བ་ཐག་གཅོད་བྱེད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་ཞིང་ཆེན་ནང་ཁུལ་གྱི་གཙང་བོ་དང་། མཚེའུ། ཆུ་རྐ། ཆུ་མཛོད་ཀྱི་ཆུའི་རྟགས་ཚད་ཆེས་མཐོ་ཤོས་མན་གྱི་ས་དང་ཆུ་འགྲམ། སྙིགས་རྫས་དང་འབག་བཙོག་དངོས་པོ་དང་འབྲེལ་བའི་སྤྱི་ཕན་ཞུ་གཏུགས་གྱོད་དོན། འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ཁྲིམས་འགལ་ཉ་འཛིན་པའི་གྱོད་དོན་རྗེས་ཀྱི་སྤྱི་ཕན་གྱོང་གུད་གནད་དོན་སྔོག་འདོན་བྱས་ཏེ། སྲིད་འཛིན་ཞུ་གཏུགས་ཞིབ་དཔྱོད་བྱ་བ་ལེགས་པོར་སྒྲུབ་པ་དང་། ཧུར་ཐག་གིས་འབྲེལ་ཡོད་སྲིད་འཛིན་དོ་དམ་སྡེ་ཁག་དང་ཉ་འབྲེལ་བཟའ་བཏུང་བྱེད་ས་དང་། ཆུ་ཐོན་ཚོང་ར། ཉ་འཛིན་བྱེད་ཀྱི་ལག་ཆའི་ཚོང་ཁང་། དེ་མིན་ཉ་བཟུང་མི་ཆོག་པའི་ཆུ་ཁོངས་སུ་ཁྲིམས་འགལ་ངང་ཉ་འཛིན་པ་དང་།འབྲི་ཆུ་ལས་ཐོན་པའི་དངོས་པོའི་ཆེད་སྤྱོད་དག་ཐེར་བྱ་འགུལ་སྤེལ་བ་དང་། ཧུར་ཐག་གིས་སྲིད་འཛིན་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་ཞིང་ཆེན་ནང་ཁུལ་གྱི་གཙང་བོ་གཙོ་བོ་དང་། མཚེའུ་ཡི་འབག་བཙོག་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་རོགས་འདེགས་བྱས་ནས། ཁྲིམས་ལྟར་སྲུང་སྐྱོང་དང་། སླར་གསོ། ཆུ་ཐོན་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ས་རྒྱ་བསྐྱེད་པ་དང་། ཕྱི་ནས་ཐོན་པའི་ཉ་རིགས་འབྲི་ཆུར་ཚེ་ཐར་དུ་གཏོང་བ་དེས་འབྲི་ཆུའི་སྐྱེ་དངོས་བདེ་འཇགས་སོགས་ཀྱི་སྤྱི་ཕན་ཞུ་གཏུགས་གྱོད་དོན་ལས་སྒྲུབ་བྱེད་པ། འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་དང་ཞང་དང་གྲོང་རྡལ40ཁྲོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་སྤྱི་ཕན་ལས་གནས་ཁྲོད“སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་དང་བླངས་པ”གདན་འདྲེན་བྱས་ནས། འབག་བཙོག་འགོག་བཅོས་དང་ཉ་ལས་བྱ་བ་དང་། སྤྱི་ཕན་ཞུ་གཏུགས་གྱོད་དོན་ཁུངས་སྣེ་ཞུ་གཏུགས་བྱེད་པར་རོགས་སྒྲུབ་བྱེད་དུ་འཇུག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།