ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ལ་སྐོར་ཞིབ་བྱས་པའི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས1ཉིན་གྱི་སྔ་དྲོར། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ལ་སྐོར་ཞིབ་བྱས་པའི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གིས་སྐོར་ཞིབ་བཅོས་སྒྲིག་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་ལ་བློ་དཀར་བ་དང་། མི་དམངས་ལ་འགན་ཁུར་བའི་ཆབ་སྲིད་ཀྱི་རང་རྟོགས་ཡོད་པའི་སྒོ་ནས། ཀྲུང་དབྱང་གི་སྐོར་ཞིབ་ཕྱིར་སློག་གནད་དོན་མྱུར་དུ་འགུལ་སྐྱོད་ཀྱིས་བཅོས་སྒྲིག་བྱེད་པ་དང་། གྲ་དག་ཅིང་སྙུག་རྐང་གཅིག་ཀྱང་མི་ཆད་པར་སྐོར་ཞིབ་ཀྱི“རྩོམ་མཇུག”ལེགས་པར་འབྲི་བ། བཅོས་སྒྲིག་གི་དངོས་ཡོད་ཕན་འབྲས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་ལེགས་པར་བརྩམས་ཏེ་ལས་མགོ་ཡག་པོ་སློང་བར་སྐུལ་འདེད་གཏོང་བ། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་དགོས་ཞེས་གསུངས། 

ཧྲིན་ཀྲང་ངམ་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཞིན་ཁྲང་ཞིང་གིས་ཚོགས་འདུ་མགོ་འཛིན་མཛད་ཅིང་། དབྱང་ཞོའོ་ཏུའུ་བློ་མཐུན་གྱིས་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་སྐོར་ཞིབ་ཐེངས་དྲུག་པའི་སྐོར་ཞིབ་ཕྱིར་སློག་བསམ་འཆར་བརྙན་ལམ་ཚོགས་འདུ་སྟེང་གི་གསུང་བཤད་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའམ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡུས་ཚུང་ལི་ཡིས《ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ལ་སྐོར་ཞིབ་བྱས་པའི་ཕྱིར་སློག་བསམ་འཆར་གྱི་བཅོས་སྒྲིག་ཇུས་གཞི》གཏན་འབེབས་བཟོས་པའི་གནས་ཚུལ་གསལ་བཤད་བྱས། 

ཝང་ཅན་ཅུན་གྱིས་ནན་གྱིས་གསུང་དོན། བཅོས་སྒྲིག་གི་ཆབ་སྲིད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྐོར་ཞིབ་ནི་ཆབ་སྲིད་སྐོར་ཞིབ་ཡིན་ལ། བཅོས་སྒྲིག་ནི་ཆབ་སྲིད་འགན་ཁུར་ཡིན། བཅོས་སྒྲིག་ལ་འདེམ་གསེས་མེད་པས་ངེས་པར་དུ་ལན་འདེབས་དགོས་ལ། ལན་བཏབ་པ་འགྲིག་ཀྱང་དགོས། ངེས་པར་དུ་ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས་བཅོས་སྒྲིག་བྱ་བར་ལྟ་དགོས་ལ། བཅོས་སྒྲིག་གི་གོ་རིམ་ཡོངས་སུ་མངོན་སུམ་དོད་པོས་ཆབ་སྲིད་གླེང་བ་དང་། ཆབ་སྲིད་སྟེང་ནས་བཅོས་སྒྲིག་ལ་ལྟ་བ་དང་། ཆབ་སྲིད་སྟེང་ནས་བཀོད་སྒྲིག་ཇུས་འགོད་བྱེད་པ། ཆབ་སྲིད་སྟེང་ནས་དངོས་འབེབས་ལ་སྐུལ་འདེད་བཅས་བྱེད་དགོས། བཅོས་སྒྲིག་གི་གཟབ་ནན་རང་བཞིན་འབུར་དུ་དོད་དགོས། སྐོར་ཞིབ་ནི་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་སྤུ་གྲི་ཡིན་ལ། བཅོས་སྒྲིག་ནི་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འཛིན་ལུང་ཡང་ཡིན། གཟབ་ནན་གྱི་གཞི་གདངས་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་ཡིན་ཞིང་། གཟབ་ནན་གྱིས་མགོ་བཟུང་སྟེ་ཐོག་མཐའ་བར་གསུམ་དུ་གཟབ་ནན་གྱིས་མཇུག་སྐྱོང་རྒྱུ་ནི་ཞིང་ཆེན་ཏང་ཨུས་སྐོར་ཞིབ་བཅོས་སྒྲིག་ལེགས་པར་འཛིན་པའི་ལངས་ཕྱོགས་གསལ་པོ་དེ་ཡིན། ནན་ཏན་དང་གཟབ་ནན་སྒོས་གཅིག་གཅིག་གཉིས་གཉིས་ཀྱིས་ཚད་བསྡུར་བྱས་ཏེ་བཅོས་སྒྲིག་ལེགས་པར་འཛིན་པ་དང་། གནད་དོན་གང་ཡོད་ངེས་པ་དོན་གྱིས་ཐག་གཅོད་བྱེད་པ། ངེས་པར་དུ་རིག་པ་གསལ་པོ་སྒོས་གོམ་འགྲོས་གཅིག་གྱུར་བཅས་བྱེད་དགོས། བཅོས་སྒྲིག་གི་མྱུར་ཕན་རང་བཞིན་ལ་དོ་སྣང་བྱེད་དགོས། ཞིང་ཆེན་ཏང་ཨུའི《བཅོས་སྒྲིག་ཇུས་གཞི》དང་ལེགས་པར་སྦྲེལ་ཏེ། ལས་ཡུན་ལྡོག་སྒྲིག་དང་། སྒུག་པ་དང་སྣུར་འགྱིང་མི་བྱེད་པ། དུས་ཚོད་དང་སེམས་ཤུགས་གཅིག་ཏུ་སྒྲིལ་བ། བཟུང་ནས་མི་གཏོང་བ་དང་བཟུང་ནས་མཐའ་འཁྱོང་བར་བྱེད་པ། གནད་དོན་རེ་རེ་བྱས་ཏེ་རྟོལ་བ་དང་ཐག་གཅོད་བཅས་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལམ་སྲོལ་དང་། འགན་འཁྲི་དངོས་འབེབས་ལམ་སྲོལ། བྱ་བའི་སྐུལ་འདེད་ལམ་སྲོལ། ལྟ་སྐུལ་རྟོག་ཞིབ་ལམ་སྲོལ་བཅས་འཛུགས་པ་དང་། བཅོས་སྒྲིག་དང་ཏང་གི་ལོ་རྒྱུས་སློབ་སྦྱོར་སློབ་གསོ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”གཏན་འབེབས་ལག་བསྟར། རིམ་གསུམ་སྐབས་བརྗེ་བྱེད་པ་སོགས་སྐྱེ་ལྡན་གྱིས་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་གྲུབ་འབྲས་སྤྱི་འདོམས་ཀྱིས་ལེགས་པར་བཀོལ་དགོས། བཅོས་སྒྲིག་གི་རང་རྟོགས་རང་བཞིན་མཐོར་འདེགས་དགོས། རང་འགུལ་གྱིས་འགན་ཁུར་ཏེ་འགན་འཁྲིར་མི་གཡོལ་བ་དང་། འབད་པས་འགན་གཉེར་ཏེ་འགན་འཁྲིར་མི་དོར་བ། ནན་ཏན་གྱིས་འགན་གཙང་མར་བསྒྲུབས་ཏེ་འགན་འཁྲིར་མི་སྐྲག་པ་བཅས་ཀྱི་སྒོ་ནས་འགན་འཁྲི་སེམས་ལ་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ཏུ་བསྟར་བ་བཅས་བྱེད་དགོས། གནད་དོན་གསལ་ཐོ་དང་། ལས་འགན་གསལ་ཐོ། འགན་འཁྲི་གསལ་ཐོ་བཅས་ལ་ཚད་བསྡུར་བྱས་ཏེ། རང་ཉིད་དང་འགན་འཁྲི། བྱ་བ་བཅས་ལ་དང་དོད་བྱེད་པ་རྒྱུན་འཁྱོངས་དང་། རང་འགུལ་གྱིས་ངོས་ལེན་བྱས་ཏེ“རང་རྟོགས་ཀྱིས་བཅའ་བ”དང་། དངོས་གཉེར་དངོས་ཕན་སྒོས“ནན་ཏན་གྱི་བཅའ་བ།” གཅིག་ཤེས་ཀུན་གྲོལ་གྱིས“རྩ་བ་ནས་བཅའ་བ”བཅས་བྱས་ཏེ། གནད་དོན་རེ་རེ་དང་ལས་འགན་རེ་རེ་སྟེང་ནས་མི་དང་ལས་དོན་མཐོང་བ་དང་མི་དང་ལས་གནས་སྟེང་སླེབས་པ་བཅས་བྱེད་དགོས། བཅོས་སྒྲིག་གི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གནད་དོན་ལ་གདོང་གཏོད་པ་དང་རལ་གྲིའི་སོ་ཁ་ངོམ་ཕོད་པའི་སྤོབས་པ་ཡོད་དགོས་ལ། སྣག་ཐོག་ཁབ་གཙགས་དང་མུ་མཐུད་དུ་ཤུགས་འདོན་པའི་སྙིང་རུས་ཀྱང་ལྡན་དགོས་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྲིག་འཛིན་པ་དང་། དམིགས་ཡུལ་ལ་མ་བསླེབ་བར་དུ་མཚམས་མི་འཇོག་པར་བྱེད་དགོས། “འགག་སྒྲོལ”བསམ་བློ་དང“འཕྲང་བརྒལ”སེམས་ཁམས་དོར་ཏེ། བཅོས་སྒྲིག་དམིགས་ཚད་དུ་མ་སླེབས་ཚེ་ཚ་ཐབ་ཏུ་ལོག་ནས་གསབ་སྦྱོང་བྱེད་པ་དང་། བཅོས་སྒྲིག་གོ་སྐབས་འགོར་འགྱངས་བྱས་ཚེ་འགན་འཁྲི་རྩད་གཅོད་བྱེད་པ། སྐོར་ཞིབ་ཕྱིར་སློག་གི་གནད་དོན་རེ་རེ་དམིགས་ཚད་ལ་སླེབས་པ་དང་། འགན་འཁྲི་རེ་རེ་དངོས་ལ་འབེབས་པ། དོན་རེ་རེར་ཕྱིར་ལན་ཡོད་པར་བྱས་ནས། སྐོར་ཞིབ་བཅོས་སྒྲིག་གིས་བྱ་བ་རེ་རེ་ཁྱོན་ཡོངས་ནས་མདུན་སྐྱོད་དང་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། 

ཞིན་ཁྲང་ཞིང་གིས་ཚོགས་འདུ་མགོ་འཛིན་མཛད་སྐབས་བསྟན་དོན། ཆབ་སྲིད་ལངས་གནས་མཐོར་བཏེགས་ཏེ་བཅོས་སྒྲིག་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐོར་ཞིབ་ཕྱིར་སློག་གི་གནད་དོན་ལ་གཅིག་ཏུ་དམིགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་དུ་སྦྲེལ་བ། ཁྱོན་ཡོངས་ནས་འགན་འཁྲི་དངོས་འབེབས་བྱེད་པ། རེའུ་མིག་དང་ཚད་གཞི་ལ་བསྡུར་བ་དང་མྱུར་ཏུ་འགུལ་སྐྱོད་དང་བཅོས་སྒྲིག་བྱས་ཏེ། སྐོར་ཞིབ་བཅོས་སྒྲིག་གི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ཏུ་བསྟར་དགོས། 

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཕྱིར་སློག་བསམ་འཆར་བཅོས་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་མགོན་པོ་བཀྲ་ཤིས་དང་། ཐིན་ཅཱ་ཚའེ། ལི་ཅེ་ཞང་། ཝང་ལི་མིང་བཅས་དང་། ཞིང་ཆེན་མགོ་ཁྲིད་མཱ་ཅེ་ཞའོ་དང་། ཡན་པའེ། ཁྲུན་རོས་ཧྥིན། ཀྲང་ཀོང་རོང་། མཱ་ཝེ། ཝུ་ཧེ་ཁུང་། ཁུང་ཡུང་། དབྱང་ཧྥིན་ཁྲིང་། ལིག་ཁྲོབ། ཚེ་རིང་ཐར། རིན་ཆེན་རྣམ་རྒྱལ། ཏུའུ་ཅེའུ། མཱ་ཧེ་ཡུན། ཏོའུ་ཏེ་ཀྲི། ཀྲང་ཞོབ་རོང་། མཱ་ཧྥིན་ཧྲིན། ཀྲང་ཙུག་ཅུན། མུན་ཡུང་ཧྲན་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཕེབས་ཡོད། ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པས་འཚོགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ས་ཁུལ)སོ་སོ་ནས་ཡན་ལག་ཚོགས་ར་བཙུགས་ཡོད། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།