མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་མིས་བཟོས་ཆར་ཆུ་དང་ཁ་བ་ཇེ་མང་དུ་གཏོང་བའི་ལས་དོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས25ཉིན།  མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་ཙོང་ཆུ་གཞོང་སའི་ཐན་འགོག་གནོད་ཉུང་འགན་སྲུང་ཁུལ་དང་རྨ་ཆུ་གཞོང་སའི་ཐན་འགོག་གནོད་ཉུང་འགན་སྲུང་ཁུལ་དུ་མིས་བཟོས་ཁ་བ་དང་ཆར་ཆུ་ཇེ་མང་དུ་གཏོང་བའི་ལས་དོན་སྤེལ་བ་དང་།  ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞི་དང་ཧོང་ཀྲུང་ཆུས་སུ་མིས་བཟོས་ཆར་ཆུ་དང་ཁ་བ་ཇེ་མང་དུ་གཏོང་བའི་ལས་དོན་སྤེལ་ཏེ།  དེའི་ཐན་པ་ཞི་འཇགས་སུ་གཏོང་བ་དང་ས་རྒྱུའི་བཞའ་ཚན་ཆེ་རུ་འགྲོ་བ།  ནགས་ཚལ་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་བཅས་ཀྱི་ཕན་ཁེ་ལྡན།  ཚེས25ཉིན།  མིས་བཟོས་ཆར་ཆུ་ཇེ་མང་དུ་གཏོང་བའི་ལས་དོན་སྤེལ་རྗེས་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་ཉེན་ཟོན་སྔོན་བརྡ་མེད་པར་བཏང་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།