མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2021ལོའི་དཔྱིད་དུས་ཀྱི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས1ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་།  ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས2021ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་སློང་གཙོ་དང་ཡོན་ཀྲང་ཝང་ཡུས་ཡན་གྱིས“མགོ་ཁྲིད་ལས་བྱེད་པའི་དངོས་སུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་ཤུགས།  ཆབ་སྲིད་ལག་བསྟར་བྱེད་པའི་ནུས་ཤུགས་བཅས་མཐོར་འདེགས་གཏོང་བའི”ཕྱོགས་ནས་གཙོ་བོར་བཟུང་སྟེ་གཏམ་བཤད་གནང་།

ཝང་ཡུས་ཡན་གྱིས་བསྟན་དོན།  ཆབ་སྲིད་བརྡར་ཤ་གཅོད་པའི་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་ཤུགས།  ཆབ་སྲིད་ལག་བསྟར་བྱེད་པའི་ནུས་ཤུགས་བཅས་ནི་མར་ཁེ་སི་རིང་ལུགས་ཀྱི་ཐོག་མཐའ་བར་གསུམ་གྱི་འདོད་བློ་ཡིན་ལ།  ང་ཚོས་ཏང་གི་སྲོལ་རྒྱུན་བཟང་བོ་དང་སྲིད་འཛིན་བཟང་བོ།  ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་བརྟན་བརླིང་དང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱེད་པའི་ཐབས་མཆོག   འཕེལ་རྒྱས་གསར་བ་ཁོང་དུ་ཆུད་པའི་དུས་རིམ་དང་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར།  འཕེལ་རྒྱས་གསར་བའི་གནས་བབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན།  མོས་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་ཤུགས་དང་ཆབ་སྲིད་ཀྱི་ཕུགས་བསམ་བརྟན་པོ་འཛུགས་པ།  ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ།  ཆབ་སྲིད་སྦྱོང་བརྡར་བཅས་ཀྱི་ཐད་ཤུགས་བསྣན་ནས“འདུ་ཤེས་བཞི”གཏིང་ཟབ་དུ་གཏོང་བ་དངཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དགོངས་པ་དང་གཅིག་མཐུན་བྱེད་དགོས། ཆབ་སྲིད་ཀྱི་གོ་རྟོགས་ཐད་ཤུགས་སྣོན་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱེད་པ་དང་།  《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ།  གསུམ་པ་ཞིབ་ཀློག་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐིལ་རྟོགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས།  ཆབ་སྲིད་ཀྱི་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཐད་ཤུགས་སྣོན་པར་ཏང་ཀྲུང་དབྱང་གི་ལམ་ཕྱོགས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གཏན་འཁེལ་བྱེད་པ་དང་གནད་འགག་ཡང་དག་བཙལ་ཏེ་གསར་གཏོད་རང་བཞིན་གྱི་དཀའ་ཁག་སེལ་བ་དང་ལས་དོན་སྤེལ་བ་བཅས་བྱས་ནས།  ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་བཞི་བཅུ་བཞི་བའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་འཕེལ་རྒྱས་ལ་དེ་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།