མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་། དབུལ་ཐར་འགག་སྒྲོལ་སྤྱི་བསྡོམས་གཟེངས་རྟགས་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་རྩ་འཛུགས་ཀྲུང་དབྱང་སྐོར་ཞིབ་ལེགས་བཅོས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅིའམ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། 

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་སྤྱི་བསྡོམས་གཟེངས་རྟགས་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྔར་ལས་ལྷག་པར་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་ཡིད་ཆེས་མཐོར་འདེགས་སུ་གཏོང་བ་དང་། “ཞིང་གསུམ”བྱ་བའི་གཏན་སྲོལ་རང་བཞིན་གྱི་ངེས་ཤེས་དམ་འཛིན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དགོངས་དོན་དར་སྤེལ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བཟང་བོ་བྱེད་པ་དང་། མཐུད་སྦྲེལ་བྱ་བ་ལེགས་པོར་བྱས་ནས། ཚན་རིག་ལྟར་རང་ཞིང་གི《ལག་བསྟར་བསམ་འཆར》དང《འཆར་འགོད》སྒྲིག་བཟོ་བྱས་ཏེ། བར་བརྒལ་དུས་སྐབས་ཀྱི་སྲིད་ཇུས་བེད་སྤྱད་དེ། རང་འགུལ་གྱིས་དབུས་ནུབ་རྒྱུད་ཀྱི་མཐུན་སྦྱོར་དང་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ནས། དབུལ་ཐར་རྨང་གཞི་སྔར་ལས་སྲ་བརྟན་དང་། ཕན་འབྲས་རྒྱུན་མཐུད་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་། བྱེད་སྟངས་ཀྱི་གོ་རིམ་དང་། བྱེ་བྲག་གི་བྱེད་ཐབས་གསལ་བོར་བྱས་ཏེ། ཐོན་ལས་འཕེལ་རྒྱས་དམ་འཛིན་དང་། རང་ཉིད་འཕེལ་རྒྱས་དང་དབུལ་སྐྱོར་སྣེ་ཁྲིད་དང་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། དེ་མིན་དཔེ་སྟོན་སྡེ་བ་འཛུགས་སྐྲུན་དང་། དབུལ་སྐྱོར་མ་དངུལ་དོ་དམ་ལ་ཤུགས་བསྣན་ནས། ཚོང་གཉེར་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། དབུལ་ཐར་འགག་སྒྲོལ་ལ་དམ་འཛིན་བྱས་ནས། ཞིང་ལས་སྤུས་ཚད་མཐོ་བའི་ཕན་ནུས་ལ་སྐུལ་འདེད་དང་། ཞིང་བ་འབྱོར་ཕྱུག་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞིང་། ཏང་ཙུའུ་ཁོངས་མི་ཝང་ལི་མིན་དང་། དབྱང་ཧྥུན་ཁྲུན། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ཝང་ཏིན་པང་གྲོས་ཚོགས་སུ་ཞུགས་པ་དང་། ཁོང་ཡུང་ཟུར་ཞུགས་བྱས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།