ཟི་ལིང་གྲོང་ཁྱེར་གྱིས་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལྟེ་གནས43བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྱིམ་བདག་གི་སློབ་གསོ་འདུ་ཤེས་གསར་བསྒྱུར་དང་། ཁྱིམ་བདག་གིས་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་བ། ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀྱིས་མཉམ་དུ་སློབ་གསོ་གཏོང་བར་སྐུལ་འདེད་གཏོང་ཕྱིར། མིག་སྔའི་བར་ཟི་ལིང་གྲོང་ཁྱེར་གྱིས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས43བཙུགས།   

ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལྟེ་གནས་ཀྱི་ལས་འགན་གཙོ་བོ་ནི་སློབ་གསོའི་ཐོན་ཁུངས་སྡེབ་སྒྲིག་དང་ཁྱིམ་ཚང་སློབ་གསོའི་དྲ་རྒྱ་འཛུགས་པ། ཁྱིམ་ཚང་སློབ་གསོ་འཐུས་ཚང་དུ་གཏོང་བ། ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཁྱིམ་ཚང་སློབ་གསོའི་ཕན་ནུས་ལྡན་པའི་ཉམས་མྱོང་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁྱབ་གདལ་དུ་གཏོང་བ། ཁྱིམ་བདག་གིས་ཡང་དག་པའི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་འཛུགས་པ་དང་། ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་བྱེད་ཐབས་ལ་ཤེས་རྟོག་ཡོད་པ། ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱིས་པར་སློབ་གསོ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་བ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་འཆམ་མཐུན་ངང་སྤེལ་རེས་བྱེད་པའི་ལས་སྟེགས་འཛུགས་པ་བཅས་ལ་རོགས་རམ་དང་ཁྲིད་སྟོན་བྱས་ཏེ། དེ་གསུམ་མཐུད་སྦྱོར་བཟང་པོ་བྱས་ནས་ནར་མ་སོན་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་བྱ་དགོས།    

ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་སོགས་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་པ་དང་། མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་བཙུགས་ནས་ཁྱིམ་ཚང་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་ཡོད། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་ཀྱིས་ཁྱིམ་བདག་ཚོར་ཆེད་ལས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་མཁོ་འདོན་བྱས་པ་དང་། ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་ངང་བྱིས་པར་སློབ་གསོ་གཏོང་བའི་ནུས་པ་ཆེ་རུ་བཏང་ལ། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་ཞི་མཐུན་སྤེལ་རེས་ཀྱི་ལས་སྟེགས་བཏོད་ཡོད། དེ་གསུམ་མཉམ་འགུལ་བཟང་པོ་བྱས་ནས་ནར་མ་སོན་པའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།   །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།