ན་ནིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་མ་དངུལ་དུས་ལྟར་བྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། 2020ལོར་མཚོ་སྔོན་གྱིས་ལས་འཁྱུར་ངལ་གསོའི་མི་སྣ་དང་མཁར་གྲོང་སྡོད་དམངས་ཁྲི97.18གཞི་རྩའི་རྒན་གསོ་མ་དངུལ་སྒོར་དུང་ཕྱུར290.64བྱིན་པ་དང་། ལས་རྐང་དུ་ཞུགས་སྐབས་ཀྱི་རྨས་སྐྱོན་ཐེབས་པའི་མི་སྣ6700ལ་མ་དངུལ་སྒོར་དུང་ཕྱུར3.68བྱིན། ལས་ཤོར་མི་སྣ6512ལ་ལས་ཤོར་འགན་སྲུང་མ་དངུལ་སྒོར་ཁྲི6100བྱིན་པ་དང་། ལས་ཤོར་མི་སྣ4606ལ་ལས་ཤོར་ཁ་གསབ་མ་དངུལ་སྒོར་ཁྲི1838.5བྱིན་ཞིང་། རིན་གོང་གནས་སྐབས་ཁ་གསབ་སྒོར་ཁྲི699.9བྱིན་ནས། སྤྱི་ཚོགས་འགན་སྲུང་མ་དངུལ་རིགས་སོ་སོ་དུས་ལྟར་སྟེར་བར་ཁག་ཐེག་བྱས། 

མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་དམངས་འཚོའི་འགན་སྲུང་ཤུགས་ཚད་ཆེ་རུ་བཏང་སྟེ། སྤྱི་བའི་རྒན་གསོའི་འགན་སྲུང་ལ“མང་སྤྲོད་མང་ཐོབ་དང་། རིང་སྤྲོད་མང་ཐོབ”ཀྱི་འདུ་ཤེས་མཐོ་རུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་འགན་སྲུང་ཁྲོད་ཞུགས་རྒྱ་ཆེ་རུ་བཏང་། 2020ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་། ལས་རྐང་དུ་ཞུགས་སྐབས་ཀྱི་རྨས་སྐྱོན་ཐེབས་པ། ལས་ཤོར་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་སོ་སོར་ཁྲི420.48དང85.9། 46.48ལ་སླེབས། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་རྒན་གསོའི་མ་དངུལ“བསྟུད་མར་ལོ16(2005ལོ་ནས2020ལོའི་བར)རིང་ལེགས་སྒྲིག”མངོན་འགྱུར་བྱུང་། ཟླ་རེར་ཆ་སྙོམས་ཀྱི་རྒན་གསོའི་ཆུ་ཚད་དེ་སྒོར935ནས་སྒོར3888དུ་མཐོ་རུ་བཏང་བ་དང་། འཕར་ཚད315.83%ལ་སླེབས་པ་དང་། ཐེངས13ལ(1996ལོ་ནས2020ལོའི་བར)ལས་ཤོར་འགན་སྲུང་མ་དངུལ་ཆུ་ཚད་མཐོ་རུ་བཏང་བ་དང་། ལས་ཤོར་འགན་སྲུང་མ་དངུལ་གྱི་ཆུ་ཚད་སྒོར126ནས་སྒོར1530དུ་མཐོ་རུ་བཏང་བ་དང་། འཕར་ཚད1114.3%ལ་སླེབས་ཤིང་། ཐེངས11ལ(2007ལོ་ནས2020ལོའི་བར)ལས་རྐང་དུ་ཞུགས་སྐབས་ཀྱི་རྨས་སྐྱོན་ཐེབས་པའི་འགན་སྲུང་མ་དངུལ་ཆུ་ཚད་དེ་སྒོར1030ནས་སྒོར3749ལ་འཕར་བ་དང་། འཕར་ཚད264%ཡིན་ཞིང་། འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་སྣང་བཅས་མངོན་གསལ་གྱིས་མཐོ་རུ་ཕྱིན།  

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་དེ། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་། བྱེད་ཐབས་སྣ་མང་སྤྱད་དེ་འགན་སྲུང་ཁྲོད་ཞུགས་པའི་ལས་ཁུངས་དང་འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་རིམས་ནད་འགོག་བཅོས་ཚོད་འཛིན་སྐབས་སུ་ལས་གཉེར་བྱེད་པའི་འགྲོ་ལུགས་རིམ་པ་དང་ལས་སྒྲུབ་རྣམ་པ་ཤེས་སུ་བཅུག་ཏེ། ཁྱོན་ཡོངས་ནས་“ངོ་མི་ཐུག་པའི”ལས་སྒྲུབ་ཞབས་ཞུར་སྐུལ་འདེད་བཏང་།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།