2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུ་སྤྱོད་ཚད་མར་ཆགས་པ་དང་ཆུ་གྲོན་ཆུང་གི་ཕན་འབྲས་ཐོག་མར་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་དུས་རབས་གསར་བའི་ཡིག་འབྲུ་བཅུ་དྲུག་གི་ཆུ་བཅོས་སྐྱོང་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་ཆུ་བེད་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དང་། ལས་རིགས་དང་ཁྱབ་ཁོངས་སོ་སོའི་ཆུ་གྲོན་ཆུང་ལ་སྐུལ་འདེད་དང་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ། 2020ལོའི་ལོ་ཧྲིལ་བོར་ཞིང་ཆེན་ཡོངས་ཀྱི་ཆུ་སྤྱོད་ཚད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར24.37ལ་སླེབས་ཤིང་། དེ2015ལོ་ལས་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར2.4མར་ཆགས་ཤིང་། ཆུ་གྲོན་ཆུང་གི་ཕན་འབྲས་ཐོག་མར་མངོན་པ་རེད། 

ཆུ་ནི་མིའི་རིགས་འཚོ་སྡོད་དང་འཕེལ་རྒྱས་ལ་བསྙོན་དུ་མེད་པའི་ཐོན་ཁུངས་རྩ་ཆེན་ཡིན་ཞིང་། སྐྱེ་དངོས་དང་འཚོ་སྡོད། དཔལ་ཡོན་བཅས་གྱི་འབྱུང་རྩ་ཡིན། རང་ཞིང“གཙང་གསུམ་འབྱུང་ཡུལ”“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ཆ་ནས། ལོ་རེར་སྨད་རྒྱུད་དུ་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར600ཆུ་སྐྱེལ་བཞིན་ཡོད་ལ། སྨད་རྒྱུད་ཀྱི་ཞིང་ལྗོངས20དང་། རྫ་ཆུ་དང་མའེ་ཀོང་གཙང་བོའི་འབབ་རྒྱུད་རྒྱལ་ཁབ5ཕན་ཁེ་སྐྲུན། ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཀྲང་ཧྲི་ཧྥིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཆུ་གྲོན་ཆུང་བྱེད་པའི་དུས་མཚུངས་སུ། ཆུའི་ཐོན་ཁུངས་ཀྱི་མཁོ་འདོན་དང་དགོས་མཁོའི་འགལ་བ་ཐག་གཅོད་བྱས་ཤིང་། མ་འོངས་པའི་ལོ5རིང་།རང་ཞིང་གིས་ཆུ་མཁོ་འདོན་དང་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། ཆུ་མཁོ་འདོན་བྱེད་ནུས་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར4གསར་བསྣོན་བྱས་ཏེ། ཞིང་སྡེའི་གཅིག་བསྡུས་ཆུ་མཁོ་འདོན་བྱེད་ཚད85%བསླེབ་རྒྱུ་དང་། ཞིང་སྡེའི་རང་འབབ་ཆུའི་ཕན་ཁེ་བསྐྲུན་ཚད80%བསླེབ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།