གཙང་གསུམ་འབྱུང་ཡུལ་གྱི་ཐུན་མིན་དཔལ་ཡོན།

2.jpg

གཙང་གསུམ་འབྱུང་ཡུལ་ནི་རི་བོ་གཏོས་དང་ཆུ་བོའི་ཁུངས་ཡིན་ཞིང་མཐོ་གྲང་དང་གསོ་རླུང་ཉུང་བ། སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་དྲག་པ་བཅས་ནི་ས་དེ་གའི་གནས་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། དེར་བརྟེན་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཚོ་བོད་མཐོ་སྒང་གི་ངོ་མཚར་གྱི་མཛེས་ལྗོངས་ལ་སྨོན་ཞིང་ས་བབ་མཐོ་ལ་གྲང་ངར་ཆེ་བའི་གནམ་གཤིས་ལ་སྐྲག་གིན་ཡོད། འོན་ཀྱང་ཡ་ང་བའི་འཚོ་གནས་ཁོར་ཡུག་གིས་ས་དེའི་མི་རིགས་ཁག་གིས་རང་བྱུང་ཁམས་དང་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་ཚོས་རང་བྱུང་ཁམས་ལ་བསྟུན་ཞིང་གུས་པས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་ཕན་ཚུན་བརྟེན་རེས་དང་ཕན་ཚུན་མཉམ་གནས་བྱེད་པའི“མི་དང་རང་བྱུང་ཁམས་འཆམ་མཐུན”གྱི་རྣམ་པ་ཞིག་ཆགས་ཡོད། 

གཙང་གསུམ་འབྱུང་ཡུལ་ནི་ས་ཁམས་རིག་པའི་ཐ་སྙད་ཅིག་ཡིན་པར་མ་ཟད། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་ཤིག་ཀྱང་རེད། དེ་གར་གདོད་མའི་དམངས་སྲོལ་རིག་གནས་མང་པོ་ཉར་ཚགས་བྱས་ཡོད་ལ་རིག་གནས་སྤེལ་རེས་ཀྱང་མཚོན་གྱིན་ཡོད། དུས་ཡུན་རིང་པོའི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྗེས་ཤུལ་ལས་རྩྭ་ཐང་ཐོག་སྐྱས་སྤོ་བྱེད་པའི་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས། དེ་བཞིན་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་མངོན་གསལ་བཏོད་པར་བརྟེན་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།