མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མི་སྣ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཟླ3པའི་ཚེས1ཉིན་ནས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱིས2021ལོར་ལས་བྱེད་མི་སྣ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་དེ“དབུལར་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་མངོན་པ”ཞེས་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།  ཞིང་ཆེན་ཡོངས་ཀྱིས་ལས་བྱེད་མི་སྣ་ཁྲི1.3ལྷག་བདམས་ནས་གྲོང་གསེབ་དང་ཁྱིམ་ཚང་དུ་བཅའ་སྡོད་བྱས་པ་བརྒྱུད།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་བརྒྱུད་བསྒྲགས་བྱས།  “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དུས་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་གྲོང་གསེབ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ཁྱད་པར་དུ་དབུལ་ཐར་འགག་སྒྲོལ་གྱི་མཇུག་འབྲས་སྲ་བརྟན་དང་།  ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་དང་ཞིང་ལས་གྲོང་གསེབ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཞིང་སྡེ་དང་ཁྱིམ་ཚང་དུ་ཁྱབ་བསྒྲགས་བྱེད་པར་ཤུགས་བསྣན་ནས།  ཚང་མས་དུས་མཉམ་དུ“མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ”ཞེས་པའི་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་ཟླ3པའི་ཚེས1ནས་ཟླ4བའི་ཚེས10ཉིན་བར་གྱི་བསྡོམས་པས་ཉིན40རིང་སྤེལ་རྒྱུ་རེད། བརྒྱུད་བསྒྲགས་བྱས་པ་བརྒྱུད་རོང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་གྲངས་སོ་སོའི་སྲིད་ཇུས་ལ་རྒྱུས་ལོན་བྱས་པ་མ་ཟད། རྒྱ་ཆེའི་མང་ཚོགས་རྣམས་ལའང་སྲིད་ཇུས་ཤེས་སུ་བཅུག་ནས། ཏང་གི་རྣམ་གྲངས་སོ་སོའི་ཞིང་དར་དང་ཞིང་ཕན། ཞིང་ཕྱུགས་ཐད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་། དབུལ་ཐར་འགག་སྒྲོལ་གྱི་མཇུག་འབྲས་སྲ་བརྟན་དུ་གཏོང་བ་དང་རྗེས་ཕྱོགས་མུ་མཐུད་དུ་རོགས་སྐྱོར་བྱས་ཏེ།  དབུར་སྐྱོར་གྱི་སྲིད་ཇུས་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་རྒྱུན་འཁྱོངས་བྱས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལམ་སྲོལ་འཛུགས་དགོས། གྲོང་གསེབ་དར་སྤེལ་དང་ཕན་འབྲས་ཐོན་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།  ནུས་ཤུགས་ཡོད་རྒུས་གྲོང་སྡེ་དང་སྡེ་ཁུལ་ལ་རོགས་རམ་བྱས་ཏེ་ཞིང་སྡེའི་འཆར་འགོད་དང་། ཞིང་སྡེའི་སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་རྒྱུ་རེད། 

དེ་དང་ཆབས་ཅིག  ལས་བྱེད་མི་སྣ་འཐེན་གཏོང་བྱས་ནས་སྒྲོག་འགྲེལ་ཚན་ཆུང་བཙུགས་ཏེ་སྡེ་བ་རེར་མི2ནས3བཀོད་སྒྲིག་བྱས་ནས་སྡེ་བ་ཡོངས་ལ་ཁྱབ་བསྒྲགས་བྱས།  སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མིས་གསོ་སྦྱོང་དང་ཡང་དག་པའི་ཁ་ཕྱོགས།  སྒྲོག་འགྲེལ་སྒྱུ་རྩལ་ཁོང་དུ་ཆུད་པ་བཅས་བྱས་ཏེ་ངོ་མཚར་བའི་སྒྲོག་འགྲེལ་ལ་བརྟེན་ནས་ཏང་གི་དགོངས་དོན་བརྒྱུད་སྒྲོག་བྱས།  དེ་ལས་གཞན་བྱེད་སྒོའི་ཁྲོད་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ་མང་ཚོགས་རྣམས་ཉན་རྒྱུར་དགའ་བ་དང་གོ་སླ་བའི་བྱ་ཐབས་སྤྱད་ནས་གཅིག་བསྡུས་དྲིལ་སྒྲོག་དང་མཉམ་མྱོང་བརྗེ་རེས་དང་འགྲེལ་བཤད་བྱས།  དེ་མིན་སྒྲོག་འགྲེལ་ཚན་ཆུང་གི་མི་སྣ་གྲོང་ཚོ་རུ་འདུག་ཐུབ་པ་དང་བཟོད་བསྲན་བྱེད་ཐུབ་པ།  བཤད་ཕོད་པ་བཅས་བྱས་ནས་མང་ཚོགས་དང་མཉམ་ཟ་མཉམ་འདུག་དང་། མཉམ་དུ་ངལ་རྩོལ་བྱེད་པ་བཅས་བྱས་ནས་གཞི་རིམ་མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་བརྩེ་སེམས་མཉམ་འདྲེས་བཅས་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།