བཞུད་ལམ་གསར་བར་སྙེག མདུན་ལྗོངས་གསར་བར་འབད།

3.jpg

དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་རྗེས། ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་བསམ་བློ་རྒྱུན་འཛིན་དང་འབད་པ་ལྷོད་མེད་ཀྱིས་སྔར་བས་མཛེས་སྡུག་ལྡན་ལ་བདེ་སྐྱིད་ཀྱིས་ཕྱུག་པའི་འཚོ་བ་བསྐྲུན་དགོས།

ཟླ2པའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་སུ་ལན་ཆ་དྲག་པོ་བྱུང་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐུལ་སློང་ཆེན་པོ་ཐོབ་ལ། ངར་ཤུགས་དྲག་པོ་བསྐྱེད།

མགོ་རྩོམ་ས་གསར་བའི་སྟེང་ནས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་དུ་བབ་བསྟུན་འཕྲལ་སྒྲུབ་དང་འབད་བརྩོན་ལྷོད་མེད་ངང་མདུན་ལྗོངས་གསར་བར་སྙེག་བཞིན་ཡོད། 

རྟ་མགྲིན་གྱིས་གཟི་བརྗིད་ནི་སྐུལ་མ་ཡིན་ལ་སྒུལ་ཤུགས་ཡང་ཡིན་ཟེར། 

བྲང་ཁར་མེ་ཏོག་དམར་པོ་བཏགས་ཤིང་མི་དམངས་ཚོགས་ཁང་ཆེན་མོར་བསྡད་དེ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱིས་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ”ཅེས་བརྗིད་ཉམས་ངང་ཁྱབ་བསྒྲགས་གནང་བ་གོ་རྗེས། རྟ་མགྲིན་ལ་སེམས་འགུལ་ཚད་མེད་ཐེབས།

རྟ་མགྲིན་གྱིས་ཁ་པར་ནང་དུ“རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་སྔོན་ཐོན་མི་སྣའི་གཟི་བརྗིད་ཐོབ་པར་ང་རང་ཧ་ཅང་དགའ་ལ་སྤོབས་སེམས་ཡང་བསྐྱེད”ཅེས་སེམས་ཀྱི་དགའ་བ་འགོག་མེད་ཀྱིས་བཤད། ཁོས་རང་ཉིད་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་དུ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྣར་བདམས་ནས་གཟེངས་བསྟོད་ཐོབ་པར་གཏན་ནས་དྲན་མ་མྱོང་ཟེར། 

རྟ་མགྲིན་གྱི་ཕ་ཡུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཤང་ཆ་ཆུ་ནང་སྡེ་བ་ཡིན་པ་དང་། སྡེ་མི་རྣམས་ཀྱི་མིག་ནང་དུ་ཁོ་ནི་བྱིས་པ་ཨུ་ཚུགས་ཅན་ཞིག་ཡིན། 

ཨུ་ཚུགས་ཆེ་ལ་ཕམ་པར་མི་སྐྲག་པའི་རྟ་མགྲིན་གྱིས2013ལོ་ནས2015ལོའི་ཟླ3པའི་བར་དུ། ཚོང་ཁང་ཆུང་ཆུང་གཉེར་ནས་འཚོ་བར་འགྱུར་ལྡོག་ཅུང་བྱུང་ཡང་། ཕམ་ཁར་མི་སྐྲག་པའི་ཁོས་གཏེར་ལེན་ཁ་དང་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་རྗེས་ཀྱི་བདག་སྐྱོང་དང་རྩྭ་ར་ཞིག་གསོ་ལ་དམིགས། སྒོར་ཁྲི་གཉིས་ཀྱི་དངུལ་བུན་ཁྱེར་ནས་ཡུལ་མི20ལྷག་བསྡུས་པ་དང་། ལོ་གསུམ་རིང་ཚོང་ཁང་ཆུང་ཆུང་ལ་བརྟེན་ནས་ཨར་ལས་རུ་ཁག་གི་ཁྲོད“ཡིད་རྟོན་རུང་བ་དང་དཀའ་ངལ་ལ་མི་སྐྲག་པའི་མི་བཟང”ཞེས་པའི་བསྔགས་བརྗོད་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་རྣམ་གྲངས་དམ་འཛིན་བྱས།

རྟ་མགྲིན་གྱིས་སྒོར་ཁྲི་གཉིས་ནས་མགོ་བརྩམས་ཏེ་སྔ་རྗེས་སུ་དབུལ་ཕོངས་ཁྱིམ་ཚང300ལྷག་ཁྲིད་དེ་བྱ་བ་གཉེར་བ་དང་། རང་ཉིད་འབྱོར་ཕྱུག་ཅན་དུ་གྱུར་བ་མ་ཟད། རྐྱང་ཆད་ཤང་སྟོང་རི་གཞུང་ལམ་བདག་སྐྱོང་མཉམ་ལས་ཁང་དང་ཆ་ཆུ་ནང་ཕྱུགས་ལས་ཨུ་ཡོན་ལྷན་ཁང་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཐོན་ལས་ཀྱིས་རྐྱང་ཆད་ཤང་གི་སྡེ་བ4ལྷག་ལ་སྐུལ་ཁྲིད་ནུས་པ་ཐོན་ཏེ། རྩྭ་ཐང་འདིའི་ཐོག་གི་མིང་གྲགས་ཆེ་བའི་འབྱོར་ཕྱུག་སྣེ་ཁྲིད་མི་སྣར་གྱུར། 

རྟ་མགྲིན་གྱིས“རང་ཁྱིམ་ཚང་ཕྱུག་པོར་གྱུར་བར་ཕྱུག་པོ་མི་ཟེར། ཚང་མ་ཕྱུག་པོར་གྱུར་ན་ད་གཟོད་ཕྱུག་པོ་རེད”ཅེས་བཤད། གཟི་བརྗིད་འདི་ནི་ཁོ་ལ་མཚོན་ན་སྐུལ་མ་ཡིན་ལ་སྒུལ་ཤུགས་ཡང་རེད། མ་འོངས་པར་ཁོས་ཡུལ་མི་དེ་བས་མང་པོ་ཁྲིད་དེ་རང་ཉིད་ཀྱི་བློ་གྲོས་དང་ངལ་རྩོལ་ལ་བརྟེན་ནས་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་བ་དང་མི་དེ་བས་མང་པོས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།