ད་ལོར་མཚོ་སྔོན་གྱིས་མཁར་གྲོང་གི་གཞིས་ཁུལ་རྙིང་བའི་ཁང་བ་ཁྲི5.15བསྒྱུར་བཅོས་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བྱེད་ཐབས》བཏོན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་ཏུ། ཕྱོགས་ཡོངས་ནས2000ལོའི་ལོ་མཇུག་གི་སྔོན་ལ་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། 2000ལོའི་རྗེས་ནས་འཛུགས་སྐྲུན་བྱས་ཀྱང་ཆ་རྐྱེན་དང་འཚམ་པའི་བསྒྱུར་བཀོད་ཀྱི་དགོས་མཁོ་ཡོད་པའི་མཁར་གྲོང་གི་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། དེའི་ནང2021ལོར་སྡོད་ཁང་ཁྲི5.15བསྒྱུར་བཀོད་བྱ་རྒྱུ་རེད།

《ལག་བསྟར་བྱེད་ཐབས》ལས། གྲོང་ཁྱེར་དང་རྫོང་མཁར་གྱི་སྔོན་ཆད་འཛུགས་སྐྲུན་བྱས་པ་དང་། བདག་སྐྱོང་དང་ཞིག་གསོ། དོ་དམ་བྱེད་མཁན་མེད་པ། གྲོང་ཁྱེར་སྲིད་དོན་གྱི་ཆ་སྡེབ་སྒྲིག་ཆས་ཆ་ཚང་མིན་པ། གཞིས་ཁུལ་ཞབས་ཞུ་སྒྲིག་ཆས་ཆ་ཚང་མིན་པ། བཟོ་སྐྲུན་གཙོ་གཞི(གཞི་རྩའི་འཛུགས་སྐྲུན་གོ་རིམ་དང་འཚམ་ལ་འཛུགས་སྐྲུན་དུས་བཅད་ཁྲིམས་དང་མཐུན་པ། རྨང་གཞི་དང་གཙོ་གཞི་ཆ་ཤས་ལ་མངོན་གསལ་གྱིས་གཏོར་སྐྱོན་ཤོར་མེད་པ་དང་མཁྲེགས་བཟོ་འཐུས་ཚང་དུ་བཏང་རྗེས་བདེ་འཇགས་བླང་བྱ་དང་འཚམ་པ)ཆ་ཚང་ཡིན་པ། མ་འོངས་པའི་ལོ5ནང་སྲིད་གཞུང་གི་བསྡུ་ལེན་འཆར་གཞི་ནང་མེད་པ་མ་ཟད་སྡོད་དམངས་ལ་བསྒྱུར་བཀོད་ཀྱི་འདོད་བློ་ཡོད་པའི་འཚོ་སྡོད་གཞིས་ཁུལ(ཐོག་ཁང་ཁེར་ཧྲེང་ཅན་ཡང་འདུས)དག་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་ཁྱབ་ཁོངས་སུ་བཞག་ཡོད། 2000ལོའི་ལོ་མཇུག་གི་སྔོན་ལ་འཛུགས་སྐྲུན་ལེགས་འགྲུབ་བྱས་པའི་གཞིས་ཁུལ་རྙིང་བ་དང་། 2000ལོའི་རྗེས་ནས་འཛུགས་སྐྲུན་བྱས་པ་མ་ཟད་བསྒྱུར་བཀོད་ཀྱི་ཆ་རྐྱེན་དང་འཚམ་པའི་གཞིས་ཁུལ་གཙོ་གནད་དུ་བཟུང་ནས་བསྡུར་ཚད་ངེས་ཅན་ལྟར་ལོ་རེ་བཞིན་བསྒྱུར་བཀོད་ཁྱབ་ཁོངས་སུ་འཇོག་རྒྱུ་རེད། བསྒྱུར་བཀོད་ནང་དོན་ལ་རྨང་གཞིའི་རིགས་དང་འཐུས་ཚང་གི་རིགས། མཐོར་འདེགས་ཀྱི་རིགས་བཅས་གསུམ་གྱི་སྒོ་ནས་ཉེ་འཁོར་གྱི་གཞིས་ཁུལ་དང་མཐའ་བསྐོར་གྱི་ས་ཁུལ་ལ་མཉམ་འབྲེལ་སྒོས་བསྒྱུར་བཀོད་བྱེད་པར་སྐུལ་སློང་བྱས་ཏེ། ཞབས་ཞུ་སྒྲིག་ཆས་དང་སྤྱི་བའི་བར་སྟོང་གི་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད།

《ལག་བསྟར་བྱེད་ཐབས》ལས། མཁར་གྲོང་གི་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པའི་གོ་རིམ་ཁྲོད། སྡོད་དམངས་ཀྱི་རང་འཐད་དང་སྡོད་དམངས་ཀྱི་འདོད་བློར་བརྩི་བཀུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྡོད་དམངས་རྣམས་བསྒྱུར་བཀོད་འཆར་འགོད་བཟོ་བ་དང་ལས་སྐྲུན་ལྟ་སྐུལ། བསྒྱུར་བཀོད་ཕན་འབྲས་དཔྱད་འཇོག རྗེས་མཐུད་དོ་དམ་སོགས་ཀྱི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། སྡོད་དམངས་རྣམས་ཧུར་ཐག་གིས་ཞུགས་པ་དང་སྡེ་ཁུལ་ནང་ལས་ཁུངས་འཛུགས་པ། ཁེ་ལས་ལས་དོན་སྡེ་ཁག་གིས་རོགས་འདེགས་བྱེད་པའི་མཐུན་སྦྱོར་གྱི་བསྒྱུར་བཀོད་རྣམ་པ་ཞིག་ཆགས་པར་བྱེད་དགོས་པར་བསྟན་ཡོད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།