མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་མགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས27ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་མགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ནན་ཏན་གྱིས་དོན་འཁྱོལ་དང་། སྐོར་ཞིབ་ཕྱིར་སློག་གི་གནད་དོན་ལ་དམིགས་ཏེ། དོན་ཚན་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་དང་། རང་འགུལ་གྱིས་འགན་འཁྲི་ངོས་ལེན།འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོ་ཁྲིད་ཚན་ཁག་གི་ཆབ་སྲིད་ཐད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ངོས་ལེན་ནུས་པ། ཆབ་སྲིད་ལག་བསྟར་བྱེད་པའི་ནུས་པ་བཅས་གོམ་གང་མདུན་སྤོས་ཀྱིས་ཆེ་རུ་གཏོང་བ། དུས་རབས་གསར་པ་དང་དུས་རིམ་གསར་པའི་བླང་བྱ་གསར་པ་དང་སྔར་ལས་མཐུན་པ་དང་། སྐོར་ཞིབ་དག་ཐེར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་བསྟར། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”བྱ་བའི་མགོ་ལེགས་པར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བར་འགན་སྲུང་བཅས་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ནས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས་པར་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཏུའུ་ཅེ་བཅས་ཚོགས་འདུར་ཟུར་ཞུགས་གནང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་དང་རྒྱུན་ལས་ཨུ་ལྷན་གྱི་བློ་མཐུན་གྱིས་ཐེངས་འདིའི་ཀྲུང་དབྱང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ལེགས་པར་ཚོགས་པར་ཚད་མཐོའི་མཐོང་ཆེན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ཞིབ་ཕྲའི་ཤེས་རྟོགས་བྱེད་པ་ཁྲིད་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལྷག་པར་སྐོར་ཞིབ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་གྱི་ཚད་གཞིར་བསྡུར་བ་དང་། ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་དང་སྐོར་ཞིབ་གཞུང་དོན་ཁང་གི་བླང་བྱར་བསྡུར་བ། ཀྲུང་དབྱང་གི་ཐེངས་བཅོ་ལྔ་པའི་སྐོར་ཞིབ་ཕྱིར་སློག་བསམ་འཆར་དང་བསྡུར་བ་བྱས་ཏེ། སློབ་སྦྱོང་དང་ངོས་འཛིན་ཟབ་སྤེལ་དང་སེམས་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་བྱེད་པའི་རྨང་གཞིའི་སྟེང་། རང་ཉིད་དེའི་ནང་དུ་འཇོག་པ་དང་འགན་འཁྲིའི་ནང་དུ་འཇོག་པ། ལས་དོན་སྒྲུབ་པ་བཅས་རྒྱུན་འཁྱོངས་དང་། ཨང་རྟགས་ལྟར་སྡོད་གནས་སུ་འདུག་པ། རང་འགུལ་གྱིས་ངོས་འཛིན། བསམ་གཞིགས་གཏིང་ཟབ་བཅས་བྱེད་པ། ལས་ཁུངས་དང་མི་སྒེར་གྱི་ཞིབ་སྡུར་ཞིབ་བཤེར་རྒྱུ་ཆ་ནན་ཏན་གྱིས་འབྲི་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ལེགས་པར་འཚོག་པར་རྨང་གཞི་བཏིང་བ་རེད།

གྲོས་ཚོགས་སྟེང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཀྱི་ཕྱིར་སློག་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་དག་ཐེར་བྱ་བའི་བླང་བྱ། ཀྲུང་དབྱང་ཐེངས་བཅོ་ལྔ་བའི་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་དུ་སྐོར་ཞིབ་བྱེད་པའི་སྐོར་གྱི་ཕྱིར་སློག་བསམ་འཆར། ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་བྱས་པ་མ་ཟད། མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་གྱི་སྣེ་ཁྲིད། དེ་རྗེས་རྒྱུན་ཨུའི་བློ་མཐུན་གྱིས་རེ་རེ་བཞིན་ཞིབ་སྡུར་ཞིབ་བཤེར་བྱས་པ་དང་། བློ་མཐུན་གཞན་དག་གིས་སྐྱོན་བརྗོད་བསམ་འཆར་བཏོན།

ཝང་ཅན་ཅུན་གྱིས་སྤྱི་བསྡོམས་གསུང་བཤད་གནང་སྐབས། སྐོར་ཞིབ་དག་ཐེར་དམ་འཛིན་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་བསམ་བློ། ལག་ལེན། སློབ་སྦྱོང་བཅས་ཀྱི་ཁྲོད་འགན་འཁྲི་གཙང་སྒྲུབ་བྱས་ཏེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པའི་ཁྲོད་རང་འགན་གཙང་སྒྲུབ་བྱས་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་སློབ་སྟོན་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།